འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དར་གོས་ལམ་བུའི་མཛའ་གཞས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་མཚོ་ཤར་གྲོང་ཁྱེར་མཛོ་མོ་རྫོང་དུ“མཛའ་གཞས་དར་གོས་ལམ། བཤུལ་ལམ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་དར་གོས་ལམ་བུའི་མཛའ་གཞས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་རྨ་ཙོང་ཡུལ་སྲོལ་རིག་གནས་དུས་ཆེན་འགོ་ཚུགས་པ་རེད།
         འགོ་ཚུགས་མཛད་སྒོར“དར་གོས་ལམ་བུའི་མཛའ་གཞས”དང་། “རྒྱུད་གཅིག་ལམ་གཅིག” “གཙང་གསུམ་ཆུ་འགོའི་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང” “མཚོ་སྔོན་རྨ་ཙོང་གི་ཡུལ་སྲོལ་རིག་གནས”སོགས་བརྗོད་དོན་གཙོ་བོར་བྱས་ནས་རྨ་ཙོང་ས་ཁུལ་གྱི་མི་ཆོས་ལོ་རྒྱུས་དང་། སྲོལ་རྒྱུན་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་མཚོན་ཡོད། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མི་རིགས་ཁག་གི“མཛའ་གཞས”ལེན་མཁན་གྱིས“ཀེ་ལེང་ལེང”དང་། “རི་མགོ་མཐོན་པོའི་རྩེ་ནས་ཕིང་ཁྲོན་ལ་རྒྱང་ལྟ་བྱེད”“ཕུག་རོན་དཀར་མོ”སོགས་མཛའ་གཞས་བླངས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། སྒྱུ་རྩལ་དུས་ཆེན་ཟླ་9པའི་ཟླ་མཇུག་བར་གཉེར་རྒྱུ་དང་། དེའི་རིང་ད་དུང་མཛའ་གཞས་ཀྱི་གཞས་པ་རྩེ་གྲའི་འགྲན་བསྡུར་ཆེན་པོ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧོར་རིགས་ཨན་ཀྲའོ་ན་ཏུན་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བདུན་པ། རྨ་ཙོང་གི་ཡིག་གཟུགས། མཛེས་རིས་པར་ལེན་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པའང་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།