འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་
    མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། སྐབས་དང་པོའི"སྣེའུ་གྲོང་ཁྱེར་མ་འཇོག་བུམ་པ"ཀྲུང་གོ-བལ་ཡུལ་གྱི་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་། ཚེས་13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་བར་དུ་འགྲན་བསྡུར་བྱས་པ་རེད། དེའི་རིང་ལ། འཐུས་མི་རུ་ཁག་བཞི་པོས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། བོད་ལྗོངས་འཐུས་མི་རུ་ཁག་གིས་ཨང་དང་པོ་བླངས་པ་དང་། བལ་ཡུལ་གྱི་འཐུས་མི་རུ་ཁག་ལྷ་སར་སླེབས་མ་ཐག་ཡིན་པས། ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་བལ་ཡུལ་གྱི་འཐུས་མི་རུ་ཁག་ལ་ཨང་བཞི་པ་ཐོབ་པ་རེད།
       ཐེངས་འདིའི་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཝང་ཆིའུ་སྤོ་ལོ་མཐུན་ཚོགས་གིས་སྒྲུབ་འགན་འཁུར་བ་དང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྲོང་ཁྱེར་མ་འཇོག་འཛུགས་བསྐྲུན་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་ཡིད་མཐུན་རོགས་རམ་བྱས་ནས། ཆེད་དུ་བལ་ཡུལ་རྒྱལ་ཁབ་སྤང་ལྗོངས་ཝང་ཆིའུ་སྤོ་ལོ་མཐུན་ཚོགས་ཀྱིས་མངགས་པའི་ཀ་ཏ་མན་རྡུའི་སྤང་ལྗོངས་ཝང་ཆིའུ་སྤོ་ལོ་རོལ་རྩེད་ཁང་དང་བོད་ལྗོངས་འཐུས་མི་རུ་ཁག   ཡུན་ནན་འཐུས་མི་རུ་ཁག སི་ཁྲོན་འཐུས་མི་རུ་ཁག་བཅས་ཁྱོན་རུ་ཁག་བཞི་ཡིས་ཚོགས་པའི་འགྲན་བསྡུར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།