འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆེན་སློབ་མས་གསར་བརྗེའི་ཁུལ་རྙིང་པར“གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་
    བྱེད་པའི”སྤྱི་ཕན་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་7ཚེས་13ཉིན། ཅང་ཤིས་ཞིང་ཆེན་ཀེན་ཀྲོའུ་གྲོང་ཁྱེར་ཀྲང་ཀུང་ཆུས་ལུང་ཚུན་གྲོང་ཚོར། པེ་ཅིང་སློབ་ཆེན་གསོ་རིག་པུས་ཀེན་ནན་གསོ་རིག་སློབ་གླིང་དང་མཉམ་དུ“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་བྱེད་པའི”སྤྱི་ཕན་བྱེད་སྒོ་སྤེལ་བ་དང་། ཚེས་13ནས་འགོ་བཙུགས་ཏེ་ཟླ་7ཚེས་19ཉིན་བར་སློབ་ཆེན་སློབ་མ་དང་བླངས་པ་200ཡིས་ཁུལ་དེའི་སྲིད་འཛིན་གྲོང་ཚོ་49ཡི་གྲོང་མི་དང་མཉམ་ཟ་མཉམ་སྡོད་བྱས་ནས་དུས་ཡུན་གཟའ་འཁོར་གཅིག་གི་གྲོང་གསེབ་ཀྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།