འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་གྱི་སྤོ་བོའི་ལམ་དུམ་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བས་
    ལམ་ཆད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། གསར་འགོད་པས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་རུ་ཁག་གསུམ་པ་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་བསྟུན་མར་དྲག་ཆར་བབས་པས། ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་སྤོ་བོའི་ལམ་དུམ་གྱི་གསོ་ཐང་གྲོང་ཚོའི་ཉེ་འགྲམ་དུ་ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་3པའི་ཐོག་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཆེན་པོ་བྱུང་བ་དང་། ཐོག་མའི་རག་བརྩིས་བྱས་པར་གཞིགས་ན། སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་2ལྷག་གི་ས་ངོས་རྡིབ་ནས་རིང་ཚད་ཧ་ལམ་སྨི་200ཡས་མས་ཀྱི་ལམ་གཞི་བཀབ་པ་དང་། སྨི་60ཡི་ལམ་གཞི་རྡིབ་ནས་ལམ་ཆད་པ་རེད། ལམ་ཆད་ས་ནས་སྤོ་བོ་རྫོང་བར་དུ་ལམ་ཐག་སྤྱི་ལེ་53ཙམ་ཡོད་པ་དང་། མིག་སྔའི་བར་མི་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་འབྱོར་མེད་པ་རེད།
        སྤོ་བོ་རྫོང་སྲིད་གཞུང་གིས་སྤེལ་བའི་སྤྱི་བསྒྲགས་ལས། ལམ་བུ་འདི་མྱུར་བཟོ་བྱེད་པར་ཧ་ལམ་ཉིན་2དགོས་པ་དང་། ཡུལ་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་ལམ་རྒྱུད་ཀྱི་འགྲིམ་འགྲུལ་དོ་དམ་བྱེད་བཞིན་ཡོད་པ་དང་། རྒྱ་ཆེའི་ལམ་རྒྱུད་དེར་འགྲོ་མཁན་ཁ་ལོ་བ་རྣམས་ཀྱིས་ལུགས་མཐུན་ངང་ཕྱོགས་ཐོན་དུས་ཚོད་འཆར་འགོད་བྱ་རྒྱུའི་དྲན་སྐུལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།