འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཁས་ལེན་དཔང་འདོན་བྱས་པའི་ལས་རིགས་ཐོན་ལས་ཀྱི་གཞི་ཁྱོན་འཛམ་
    གླིང་གི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་རྒྱལ་ཁབ་ཁས་ལེན་དཔང་འདོན་ལྟ་སྐུལ་ཨུ་ལྷན་གྱིས་2017ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཁས་ལེན་དཔང་འདོན་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་ལས་རིགས་ཀྱི་བསྡོམས་རྩིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་ནང་རང་རྒྱལ་གྱིས་ཁས་ལེན་དཔང་འདོན་བྱས་པའི་ལས་རིགས་ཐོན་ལས་ཀྱི་གཞི་ཁྱོན་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་སྔོན་ལ་སླེབས་པ་དང་། འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་རང་རྒྱལ་གྱིས་ཡོངས་བསྒྲགས་བྱས་པའི་དོ་དམ་མ་ལག་གི་ཁས་ལེན་དཔང་འདོན་ལག་ཁྱེར་ཁྲི་85.49ཟིན་པ་དང་། དེ་ནི་རྒྱལ་སྤྱིའི་ཚད་གཞི་ཅན་རྩ་འཛུགས་ཀྱིས་བསྡོམས་རྩིས་བརྒྱབ་པའི་གོ་ལ་ཧྲིལ་པོའི་དོ་དམ་མ་ལག་གི་ཁས་ལེན་དཔང་འདོན་ལག་ཁྱེར་བསྡོམས་འབོར་གྱི་ཕྱེད་ཀ་ཡིན་པ་དང་། སྤུས་ཚད་དོ་དམ་མ་ལག་གི་ལག་ཁྱེར་གྲངས་ཁྲི་48.91ཟིན་ནས་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད། 2017ལོར་རང་རྒྱལ་གྱིས་གཙོ་ཁྲིད་བྱས་ནས་བཟོས་པའི་《ཚད་མཐུན་དཔྱད་འཇོག ཞབས་ཞུའི་ཁས་ལེན་ཇུས་གཞིའི་ཕྱོགས་སྟོན་དང་དཔེ་མཚོན་》དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཟོས་པའི་ཚད་མཐུན་དཔྱད་འཇོག་བྱེད་པའི་རྒྱལ་སྤྱིའི་ཚད་གཞི་དང་པོར་གྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།