འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྡོ་གཡམ་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་གཏེར་ཁའི་ཐོན་ཁུངས་གསར་འཕར་གསོག་ཚད་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་འཕར་ཚད་དམའ་རུ་དང་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་ཉུང་དུ་ཕྱིན་པ་དང་། འཕར་ཚད་ཅུང་མཐོ་བའི་རྡོ་གཡམ་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་ལས་བརྒལ་ཡོད་པ་རེད།
         རང་བྱུང་ཐོན་ཁུངས་པུས་ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་2017ལོའི་རྒྱལ་ཡོངས་གཏེར་ཁའི་ཐོན་ཁུངས་གསོག་ཚད་གནས་ཚུལ་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་གསར་དུ་རྩད་ཆོད་པའི་རྡོ་སྣུམ་དང་། རང་བྱུང་སོལ་རླངས། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་བཅས་ཀྱི་ས་གཤིས་གསོག་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་སྟེ། 2017ལོར། རྒྱལ་ཡོངས་ཀྱི་གསར་དུ་རྩད་ཆོད་པའི་རྡོ་སྣུམ་གྱི་ས་གཤིས་གསོག་ཚད་2012ལོའི་ཏུན་དུང་ཕྱུར་15.22ནས་ཏུན་དུང་ཕྱུར་8.77བར་དང་། རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་9610ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5554བར། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1274ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་105བར་ཉུང་དུ་ཕྱིན་ཡོད་པ་དང་། 2017ལོར་རང་རྒྱལ་གྱི་རྡོ་སྣུམ་དང་། རང་བྱུང་སོལ་རླངས། རྡོ་གཡམ་སོལ་རླངས་བཅས་ཀྱི་སྔོག་འདོན་ཆོག་པའི་གསོག་ཚད་1.2%དང་། 1.6% 62.0%བཅས་སོ་སོར་འཕར་བ་དང་། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་9.5%ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།