འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་ཕྱོགས་སྟོན་སྲུང་སྐར་ཨང་སོ་གཉིས་པ་བདེ་བླག་ངང་
    འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་གྱི་ཆུ་ཚོད་4དང་སྐར་མ་58ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་བྱང་སྐར་སྤུན་བདུན་ཕྱོགས་སྟོན་སྲུང་སྐར་ཨང་སོ་གཉིས་པ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད།
         སྲུང་སྐར་དེ་སའི་གོ་ལར་ཕྱོགས་པའི་དུས་གཅིག་འཁོར་ལམ་སྲུང་སྐར་གྱི་ཁོངས་སུ་གཏོགས་པ་དང་། སྲུང་སྐར་འཁོར་ལམ་ཐོག་ཞུགས་པ་དང་འབྲེལ་འཁོར་ཞུགས་ཚོད་ལྟ་ལེགས་གྲུབ་བྱུང་རྗེས་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་དང་སྦྲེལ་མཐུད་བྱས་ཏེ་སྤྱོད་མཁན་ལ་དེ་བས་བློས་འགེལ་ཆོག་པའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
         ད་ཐེངས་འཕེན་གཏོང་བྱས་པའི་བྱང་སྐར་སྤུན་བདུན་ཕྱོགས་སྟོན་སྲུང་སྐར་དང་ལེ་ལག་ཚང་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས་པའི་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དང་ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གིས་ཁག་སོ་སོར་སྤྱིའི་ཞིབ་བཟོའི་ལས་འགན་འཁུར་བ་དང་། འདི་ནི་རྒྱང་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རིམ་གྲས་འཕུར་སྐྱོད་བྱེད་ཐེངས་ཨང་280དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།