འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་ས་ཚིགས་13རྒྱལ་ཁབ་ཀྱི་ལོ་བརྒྱའི་གནམ་
    གཤིས་ས་ཚིགས་ཁག་དང་པོར་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཡིག་ཆ་བཀྲམ་ནས་ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་ཁག་དང་པོ་གཏན་འཁེལ་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་རྨ་སྟོད་དང་ཆུ་དམར་སོགས་རྒྱལ་ཁབ་རིམ་པའི་གནམ་གཤིས་ས་ཚིགས་13ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་སུ་གཏན་འཁེལ་བྱས་ཡོད་པ་རེད།
         ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རང་རྒྱལ་གྱི་གནམ་གཤིས་ས་ཚིགས་ཡུན་རིང་སྲུང་སྐྱོང་དང་། གནམ་གཤིས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ཚན་རྩལ། ལོ་རྒྱུས་བཅས་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་ཆེད། 《ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་གཏན་འཁེལ་བྱ་ཐབས་》སྒྲིག་འཛུགས་བྱས་ནས་བཟོས་པ་དང་འབྲེལ་2018ལོར་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད། ཉིན་ཤས་གོང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་གཏན་འཁེལ་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་གནམ་གཤིས་ས་ཚིགས་433ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་སུ་གཏན་འཁེལ་བྱས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཀྱི་ས་ཚིགས་13ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་མིང་གཞུང(ལོ་ལྔ་བཅུའི་ས་ཚིགས)དུ་བཅུག་པ་དང་། དེའི་ནང་རྨ་སྟོད་དང་། རྐང་ཚ། བྲག་དཀར། དར་ལག གཅིག་སྒྲིལ། འབྲོང་ལུང་སོགས་རྒྱལ་ཁབ་ཀྱི་རྩ་ཚད་གནམ་གཤིས་ས་ཚིགས་7ཡོད་པ་དང་། ཆུ་དམར་ལེབ་དང་། ཆུ་ལེན། ཐོ་ལེ་བཅས་རྒྱལ་ཁབ་ཀྱི་གཞི་རྩའི་གནམ་གཤིས་ས་ཚིགས་3ཡོད་པ། ཡ་རྫི་དང་། ཐེམ་ཆེན། འབྲི་སྟོད་བཅས་རྒྱལ་ཁབ་ཀྱི་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་3ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། འབྱུང་འགྱུར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་ལྟ་ཞིབ་ཚད་འཇལ་གྲངས་གཞི་བེད་སྤྱོད་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་ལོ་རྒྱུས་དང་དོན་དངོས་དོན་སྙིང་སྔོག་འདོན་གཏིང་ཟབ་བྱེད་པ། ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཚན་རྩལ་ནང་དོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་བེད་སྤྱོད་རིན་ཐང་རྒྱུན་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་དང་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།