འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མིག་སྔའི་འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་ཞིབ་འཇུག་དང་བཀོད་
    སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། འབྲུབ་འགོག་ཐན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་དོན་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ཀྱི་མིག་སྔའི་འབྲུབ་འགོག་ཐན་འགོག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། མིག་སྔ་ནི་འབྲུབ་འགོག་ཐན་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། ཞིང་ཁུལ་དུ་ཐན་པ་བསྟན་པས་ཆར་ཆུ་ཉུང་བ་དང་། འབྲོག་ཁུལ་གྱི་རྩྭ་ཐང་སླར་གསོ་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པས། གནམ་གཤིས་ཀྱི་སྔོན་དཔག་དང་སྔོན་བརྡ་གཏོང་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་ཞིང་ནང་དོ་དམ་དང་འབྲོག་ཁུལ་དུ་ཚན་རིག་དང་མཐུན་པའི་ངང་རྩྭ་ར་རེས་སྐོར་བྱས་ནས་ཕྱུགས་འཚོ་རེས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བེད་ལས་གྲྭའི་ནུས་པ་འདོན་པ། ཨ་བྲ་དང་འབུའི་གནོད་འཚེར་དོ་ཁུར་ཟབ་མོ་དང་འགོག་བཅོས་བྱེད་པ། མི་ཐབས་ཆར་འབེབས་དང་སྐྱེ་དངོས་ལག་རྩལ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་སྣོད་བཅུད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། འབྲུབ་འགོག་ཐད་དུས་ཐུང་གི་དྲག་ཆར་ལ་ཚད་མཐོའི་དོ་སྣང་བྱེད་པ་དང་། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་ཡང་ཡང་བྱེད་པར་དམ་འཛིན། མི་མངོན་པའི་རྐྱེན་ངན་ཤེས་མ་ཐག་འཕྲལ་དུ་སེལ་བ་བཅས་བྱས་ནས་འབྲུབ་ཆུ་རྒྱས་དུས་སུ་བདེ་འཇགས་ངང་སྒྲོལ་བའི་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།