འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ས་མཐོར་ཤིང་ཏོག་དང་སྔོ་ཚལ་སོས་པ་བཏབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ཀྱིས་དུད་ཚང་དུ་བསྐྱོད་ནས་འཁྲིད་རོགས་དང་། ཆེད་ལས་རྩལ་ནུས་གསོ་སྦྱོང་། ཞིང་ལས་ལག་རྩལ་སྒྱུར་བཀོད། སོན་བཟང་སྤྲོད་པ་བཅས་བྱས་ཏེ“ཤ་ཚལ་སྒོང་གསུམ”ལ་བརྟེན་པའི་རིག་སྟོབས་དབུལ་སྐྱོར་ལས་དོན་ཧུར་ཐག་བསྒྲུབས་ནས། མང་ཚོགས་ལ་དབུལ་སྒྲོལ་བྱེད་རོགས་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་བཏང་བ་རེད། བོད་ས་བབ་མཐོ་ལ་གྲང་ངར་ཆེ་བའི་རྐྱེན་གྱིས་ཤིང་ཏོག་དང་སྔོ་ཚལ་སོས་པ་མཁོ་སྤྲོད་འདང་གི་མེད། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་གིས་དྲ་ཐོག་ནས་འདེབས་འཛུགས་ལག་རྩལ་སྦྱོང་བ་དང་། ས་གནས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་མཛུབ་ཁྲིད། ས་རྒྱུའི་གྲུབ་ཆ་ལེགས་སྒྱུར་བཅས་བྱས་པར་བརྟེན། སྔོན་ཆད་ནང་སར་མ་གཏོགས་མི་སྐྱེ་བའི་ཤིང་འབྲས་དང་སྔོ་ཚལ་མང་པོ་ས་མཐོར་སྐྱེ་ཐུབ་པ་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།