འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁྲིམས་ཁང་གི་ཁྲིམས་གཏན་འཁེལ་བའི་འདྲི་གཅོད་ཀྱི་དུས་བཅད་ནང་ཐག་
    གཅོད་ཐུབ་ཚད་99.61%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་1ནས་2018ལོའི་ཟླ་1བར། བོད་ཀྱི་ཁྲིམས་ཁང་གིས་ལག་བསྟར་བྱས་པའི་གྱོད་གཞི་ཐག་གཅོད་ཐུབ་ཚད་93.92%ཟིན་ཡོད། འདི་ལོ་ནས་བཟུང་བོད་ཀྱི་ཁྲིམས་ཁང་གི་ཁྲིམས་གཏན་འཁེལ་བའི་འདྲི་གཅོད་ཀྱི་དུས་བཅད་ནང་ཐག་གཅོད་ཐུབ་ཚད་99.61%ཟིན་པ་དང་ལག་བསྟར་མཇུག་འགྲིལ་གྱི་དམིགས་རྟེན་དངུལ་གྲངས་སྒོར་དུང་ཕྱུར་2.82ཟིན་ནས་བོད་ཀྱི་རིམ་ཁག་ཁྲིམས་ཁང་གིས་ཚད་ལྡན་ཅན་འཛུགས་སྐྱོང་དང་གྱོད་གཞི་ལག་བསྟར་གྱི་ལས་ཕྱོད་ལ་ཡར་རྒྱས་ཆེ་ཙམ་བྱུང་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་སྙན་འབྲུག་གིས་ངོ་སྤྲོད་བྱས་དོན། འདི་ལོ་ནས་བཟུང་བོད་ཀྱི་ཁྲིམས་ཁང་གིས་ཁྱོན་དྲ་ཐོག་གི་འཚོལ་ཞིབ་མ་ལག་སྤྱད་དེ་ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་ཆ་འཕྲིན་ཁག་3100ལྷག་ཙམ་བཙལ་འཚོལ་བྱས་པ་དང་མ་དངུལ་སྒོར་ཁྲི་3300ལྷག་ཙམ་བསྡམས་བཅད་བྱས་པ། དྲ་ཐོག་ནས་ཁྲིམས་འཛིན་ཕམ་ཚོང་ཁག་ཐེངས་11བྱས་པར་དངུལ་སྨར་སྒོར་དུང་ཕྱུར་1ཟིན་པ་བཅས་རེད། ཁ་དན་ཚིག་ལ་མ་གནས་པའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་1000ལྷག་ཙམ་ཁྲིམས་ལྟར་ཡོངས་བསྒྲགས་བྱས་པ་དང་ལག་བསྟར་ཁྲུན་གཅོད་ཡིག་ཆ་དང་ལས་རིམ་ཆ་འཕྲིན་དྲ་ཐོག་ཏུ་ཡོངས་བསྒྲགས་བྱེད་ཚད་100%མངོན་འགྱུར་བྱུང་བ་དང་། དྲ་རྒྱའི་གྲངས་གཞིའི་ལས་སྟེགས་སྤྱད་དེ་དུས་ཐོག་ཏུ་ལག་བསྟར་ལས་དོན་གྱི་འཁོར་རྒྱུག་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་ལས་རིམ་གྱི་མཚམས་ཚིགས་ཁག་37ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་བརྡ་གཏོང་ནུས་ཆེ་རུ་བཏང་བ་རེད། སྙན་འབྲུག་གིས“ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱེད་དཀའ་བའི་ལས་ཀའི་རྣམ་པ་དང་གང་སར་ཁ་དན་ཚིག་ལ་མི་གནས་པ་དང་གང་སར་ཚོད་འཛིན་ཕོག་པའི་ཡིད་རྟོན་གཅུན་འདོམས་ཀྱི་རྣམ་པ་རགས་ཙམ་ཆགས་ཏེ་མི་དང་དངོས་པོ་འཚོལ་བ་དང་རྒྱུ་ནོར་དངུལ་སྨར་དུ་སྒྱུར་བའི་དཀའ་གནད་སེལ་བ་དང་ལག་བསྟར་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འབྲེལ་ཡིད་རྟོན་གཅུན་འདོམས་ལག་བསྟར་ནན་པོ་བྱེད་པ་སོགས་ཐད་འཕུར་མཆོང་རྣམ་པའི་འཕེལ་རྒྱས་བྱུང་ཡོད”ཅེས་བཤད་པ་དང་གོམ་སྟབས་རྗེས་མར་བོད་ཀྱི་ཁྲིམས་ཁང་གིས་མུ་མཐུད་འབད་འབུངས་མདུན་སྐྱོད་བྱས་ཏེ་ལག་བསྟར་བྱེད་ནུས་དེ་བས་ཡག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།