འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་ཉིའུ་ཡིས་ཀྲུང་ནེའུ་ཡི་ཚོང་དོན་དེ་བས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་5ཉིན“ཁེ་ལས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ལས་དབང་གཅིག་ཏུ་སྦྲེལ་ནས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་ཚོང་དོན་དེ་བས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་རྒྱུ་ནི་མིག་སྔའི་དུས་བབ་འོག་མོང་ཉིའུ་ཡི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད”ཅེས་མོང་ཉིའུ་ཚོགས་པའི་སྤྱི་ཁྱབ་ལུའུ་མེ་ཧྥང་གིས་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཚོང་དོན་ལས་འཛིན་ཚོགས་པའི་ཚོགས་འདུ་མ་འཚོགས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པ་རེད།
             ལུའུ་མེ་ཧྥང་གིས་འདས་ཟིན་པའི་ལོ་10ཙམ་རིང་མོང་ཉིའུ་ཡིས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ས་ཁུལ་དུ་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བཀོད་སྒྲིག་ལེགས་གྲུབ་བྱུང་བ་དང་ནེའུ་ཙི་ལན་གྱི་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ཡར་རྒྱས་མགྱོགས་པོ་བྱུང་ཡོད་པས་འབྱུང་འགྱུར་མུ་མཐུད་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་ཚོང་དོན་སྐས་རིམ་གསར་པར་སླེབས་རྒྱུའི་ཆེད་འབད་བརྩོན་བྱེད་འདོད་ཡོད། མོང་ཉིའུ་ཡིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ལག་རྩལ་ཐོག་ནས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཞིང་ལས་ཐོན་རྫས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་དང་། ངོ་སྤྲོད་འགྲོ་ལུགས་སྟབས་བདེ་ཅན། ཕྱིར་གཏོང་ནང་འདྲེན་འགག་སྒོ་ལས་མྱུར་དུ་སྒྲོལ་བ་སོགས་ཐད་ཕན་ཡོད་སྲིད་ཇུས་དང་མ་འཇོག་སྟབས་བདེ་དེ་བས་མང་བ་བརྩོན་ལེན་བྱས་ནས་ཕྱོགས་གཉིས་པོའི་ཚོང་དོན་དེ་བས་སྟབས་བདེ་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།
           ལུའུ་མེ་ཧྥང་གི་ངོས་ནས་བརྗོད་ན་མོང་ཉིའུ་ཡིས་ནེའུ་ཙི་ལན་གྱི་གླིང་ཕྲན་བྱང་མའི་པོ་ཅི་ནུའོ་གྲོང་རྡལ་ཆུང་ངུར་མ་འཇོག་བྱས་ཏེ་བསྐྲུན་པའི་མོང་ཉིའུ་ཡི་ཡ་ཧྲི་ལི་བཟོ་གྲྭ་ནི་ཀུང་སི་རྒྱལ་སྤྱི་ཅན་དུ་འགྱུར་བ་ལེགས་གྲུབ་བྱུང་བའི་དཔེ་མཚོན་ཞིག་རེད། བཟོ་གྲྭ་དེས་རྒྱལ་སྤྱི་ཅན་དང་ས་གནས་དེ་རང་ཅན་ཟུང་འབྲེལ་གྱིས་ཀྲུང་གོ་དང་། ནེའུ་ཙི་ལན། ཧྥ་རན་སེ་བཅས་ཕྱོགས་གསུམ་གྱི་ཁེ་ལས་ལས་དོ་དམ་ཚོགས་པ་གྲུབ་པ་དང་དེའི་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་སྤྱིའི་ཐོག་གི་རིགས་གཅིག་པའི་ཐོན་རྫས་ཀྱི་ཚད་གཞི་ཟིན་པས་ཀྲུང་གོའི་ཁྲོམ་རར་བཙོངས་པ་མ་ཟད། ཨེ་ཤེ་ཡ་ཤར་ལྷོ་དང་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་གྱི་ཁྲོམ་རར་འཚོང་གི་ཡོད་པ་རེད།
            ཁོང་གིས་ཀྲུང་ནེའུ་ཡིས་ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྲོས་ཡིག་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་དཀར་ཆུའི་ཐོན་རྫས་ལས་རིགས་ལ་འབྱུང་འགྱུར་མཉམ་ལས་ཀྱི་བར་མཐོངས་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།