འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་ལོ་ཆུང་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་མི་ཁག་དང་པོ་སྐྱོབ་ཐུབ་པ་བྱུང་ཞིང་
    གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན་གྱི་དགོང་མོ་ཐེ་ལན་ཆིང་ལའེ་ཧྥུའུ་ཡི་ཧྥུའུ་དབྱི་ན་རུང་ས་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྲག་ཕུག་ནང་ལུས་པའི་ལོ་ཆུང་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་མི་4དེ་ཉིན་ས་སྲོད་ཙམ་དུ་སྐྱོབ་ཐུབ་པ་བྱུང་བ་དང་འབྲེལ་སྨན་ཁང་དུ་བསྐྱལ་བ་རེད།
            ལོ་11ནས་16བར་གྱི་ཐེ་ལན་གྱི་ལོ་ཆུང་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་མི་12དང་རྩལ་ཁྲིད་པ་1ཟླ་6ཚེས་23ཉིན་ཆིང་ལའེ་ཡི་བྲག་ཕུག་གཅིག་ནང་འཛུལ་ནས་གར་སོང་ཆ་མེད་དུ་གྱུར། ཐེ་ལན་གྱི་རྒྱལ་ཁབ་ཕྱི་ནང་གི་རོགས་སྐྱོབ་པ་1000ལྷག་ཙམ་གྱིས་ཉིན་10འཚོལ་ཞིབ་བྱས་རྗེས་ཟླ་7ཚེས་2ཉིན་གྱི་དགོང་མོ་བྲག་ཕུག་ནས་སྤྱི་ལེ་4ཡི་ས་ནས་ཁོང་ཚོ་རྙེད་པ་རེད། ཉིན་ཤས་རིང་བྲག་ཕུག་ནང་ལུས་པའི་མི་སྣས་ལུས་ཁམས་གསོ་ཐུབ་པ་བྱས་ནས་བྲག་ཕུག་གི་ཆུ་འོག་ཏུ་འཛུལ་མཁན་རིགས་གཅིག་མཁས་ཅན་གྱིས་ཆུ་འོག་ཏུ་འཛུལ་རྩལ་གསོ་སྦྱོང་བྱས་པ་རེད།
           ཐེ་ལན་གྱི་དམག་ཕྱོགས་དཔོན་རིགས་ཀྱིས་རོགས་སྐྱོབ་མི་སྣས་ཉིན་2ནས་4བར་གྱི་དུས་ཚོད་ནང་བྲག་ཕུག་ནང་ལུས་པའི་མི་ཚང་མ་སྐྱོབ་ཐུབ་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།