འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འདམ་རའི་རྒྱ་ཁྱོན་ཨེ་ཤེ་ཡའི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་7ཚེས་6ཉིན་སྣོད་བཅུད་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་2018ལོའི་ལོ་ཚོགས“འདམ་ར་སླར་བཟོ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས”ཞེས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་8.04ཟིན་ནས་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་པར་སླེབས་ཀྱི་ཡོད། རྒྱལ་སྤྱིའི་འདམ་ར་གཙོ་བོ་ཁྱོན་57དང་། འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་602 རྒྱལ་ཁབ་འདམ་རའི་སྤྱི་གླིང་898བཅས་ཡོད། འདམ་རའི་སྣོད་བཅུད་ཁོངས་གཏོགས་ནང་སྐྱེ་དངོས་རིགས་4220དང་སྲོག་ཆགས་རིགས་2312ཡོད་པ་དང་འདམ་ར་སྲུང་སྐྱོང་བྱེད་ཚད་49.03%ཟིན་ཡོད་པ་རེད།
         གླེང་སྟེགས་ཐོག་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱིས་འདམ་ར་སྲུང་སྐྱོང་བྱེད་པའི་ཐད་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། འདམ་ར་སྲུང་སྐྱོང་ལམ་ལུགས་སྐྲུན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།