འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སས་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་ཞིང་པ་ལས་མིའི་གླ་ཆ་ལེན་
    རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་531གཉེར་བའི་ནང་ངལ་རྩོལ་ཐོབ་ཆའི་རྩོད་གཞི་243ཡོད་པ་དེས་ཞིང་པ་ལས་མི་243གྱི་གླ་ཆ་སྒོར་ཁྲི་430ལེན་རོགས་བྱས་པ་རེད།
          སྤྱི་ཚོགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟབས་བདེ་ལ་མྱུར་བའི་བཅའ་ཁྲིམས་རོགས་རམ་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་བཅའ་ཁྲིམས་རོགས་སྐྱོར་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་གྲས་སུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཚད་གཞི་ལྷུག་ཏུ་བཏང་བ་དང་། ཞབས་ཞུའི་དོན་ཚན་མང་དུ་བཏང་བ། རྫོང་དང་ཆུས་སུ་ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་རྟགས་བཏོད་པ་སོགས་ཚུད་ཡོད། དུས་རྒྱུན་ནས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ལས་རྗེས་འཇོག་གང་ཐུབ་བྱེད་ཀྱི་ཡོད།
         “ཨར་པོ་རྒྱུག་སྐབས་ཨར་པོ་རྒྱུག་མཁན་གྱིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལག་ཁྱེར་གཉེར་དཀའ་བར་བརྟེན་ང་ཚོས་སྔོན་ལ་གྱོད་གཞི་བདག་སྤྲོད་དང་རྗེས་སུ་ངོ་སྤྲོད་ཡི་གེ་གསབ་པའི་བྱེད་ཐབས་སྤྱད་དེ། གྱོད་གཞིའི་ཆ་རྐྱེན་གཞན་དང་མཐུན་ཚེ་བཅའ་ཁྲིམས་ཀྱི་རོགས་སྐྱོར་མཐའ་གཅིག་ཏུ་ཡོད་པ་བྱས་ནས་ཉེས་དོན་གྱོད་གཞི་ཚང་མར་ཁྲིམས་རྩོད་པའི་དག་འབུད་དང་རོགས་རམ་ཡོད་པ་དང་། གཉོད་ཆུང་ཚོགས་སྤྱི་ཚང་མར་བཅའ་ཁྲིམས་ཀྱི་རོགས་རམ་ཐོབ་པ་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས་བཤད།
          དེར་བརྟེན་ལྷ་ས་གྲོང་ཁྱེར་གྱིས“ཞིང་པ་ལས་མིའི་གླ་ཆ་འདེད་ལེན་གྱི་རྩོད་གཞིའི་ཐོགས་མེད་བགྲོད་ལམ”བཏོད་དེ“བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པའི་ལས་རེས་ལམ་ལུགས”བཙུགས་ནས། ཆུ་ཚོད་24ཡི་རིང་གྱོད་གཞི་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་ཚུར་ལན་བསམ་འཆར་འབྲི་དགོས་པའི་བླང་བྱ་བཏོན་ཡོད། ཐོག་མའི་འདྲི་ཞིབ་དང་འདྲི་དཔྱོད་མཆན་འགོད་རེ་ཞུ་བརྒྱུད་དུས་ཐོག་ཏུ་སྒྲུབ་མཁན་ཡོད་པ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་རིམ་ནང་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།