འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གོང་དཀར་གནམ་ཐང་གི་སྤྱི་སྤྱོད་གནམ་གྲུ་འཕུར་བའི་ལས་རིམ་ཚོད་ལྟ་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་མཁའ་འགྲུལ་ཀུང་སིའི་A319རྟགས་ཅན་གྱི་གནམ་གྲུ་ལྷ་ས་གོང་དཀར་གནམ་ཐང་དུ་བབས་ཐུབ་པ་དེ་ཐོག་ནས་ལྷ་ས་གོང་དཀར་གནམ་ཐང་གི་སྤྱི་སྤྱོད་གནམ་གྲུ་འཕུར་བའི་ལས་རིམ་ཚོད་ལྟ་ལམ་ལྷོངས་བྱུང་བ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྤྱི་སྤྱོད་RNP—ARགནམ་གྲུ་འཕུར་བའི་ལས་རིམ་ཇུས་འགོད་ཀྱི་ལས་དོན་སྒྲུབ་འགོ་བརྩམས་པ་དང་། 2017ལོའི་ཟླ་2པར་ལྷ་ས་གོང་དཀར་གནམ་ཐང་གི་སྤྱི་སྤྱོད་RNP—ARའཛུགས་སྐྲུན་རྣམ་གྲངས་ལ་དངོས་སུ་ཆོག་མཆན་ཐོབ་ཡོད། འདི་ལོ་རྣམ་གྲངས་འཛུགས་སྐྲུན་དང་། ལས་རིམ་ཇུས་འགོད། ལས་རིམ་ཞིབ་བཤེར། དེ་བཞིན་འདྲ་བཟོའི་ཚོད་ལྟའི་གནམ་གྲུ་ཚོད་ལྟའི་ངང་འཕུར་རྗེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ལྷ་ས་གོང་དཀར་གནམ་ཐང་གི་སྤྱི་སྤྱོད་གནམ་གྲུ་འཕུར་བའི་ལས་རིམ་གྱི་ཚོད་ལྟ་འཕུར་སྐྱོད་གྲུབ་འབྲས་ཐོབ་པའི་ངང་བྱས་ནས་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཐིག་བསྐྱར་མ་སྦྲེལ་མཐུད་ཡག་པོ་བྱུང་ཞིང་། ལྷ་ས་གོང་དཀར་གནམ་ཐང་གི་སྤྱི་སྤྱོད་RNP—ARརྣམ་གྲངས་ཚོད་ལྟར་གྲུབ་འབྲས་ཐོབ་པ་དེས་ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་འཕུར་བའི་ལས་འགན་སྒྲུབ་མཁན་མཁའ་འགྲུལ་ཀུང་སི་རང་རང་སོ་སོས་RNP—ARལས་རིམ་ཆ་ཚང་ལག་ལེན་བསྟར་བའི་རྣམ་པ་དེ་མཇུག་སྒྲིལ་བ་ཡོངས་བསྒྲགས་བྱས་ཏེ་འགྲུལ་པར་སྔར་བས་བདེ་འཇགས་དང་། བློས་འགེལ། ནུས་ཆེ་བཅས་ཀྱི་མཁའ་འགྲུལ་འཁོར་སྐྱོད་ཀྱི་ཁོར་ཡུག་ཅིག་བཏོད་དེ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་འཕེལ་རྒྱས་སྔར་བས་ལེཌ་པ་དང་མགྱོགས་པ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།