འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་རྩྭ་བཏབ་ནས་དབུལ་སྒྲོལ་ཡོང་ཐབས་བྱེད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། སྐྱེ་དངོས་གསོ་རིག་ཐོན་ལས་ནི་ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཞ་ཅང་རྫོང་གི་ཐོན་ལས་ཨང་དང་པོ་དེ་ཡིན་པ་དང་། རྫོང་ཡོངས་སུ་སྐྱེ་དངོས་གསོ་རིག་ཁེ་ལས་70ལྷག་ཙམ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། རྫོང་དེས་ཁེ་ལས་ལ་རྟེན་གཞི་དང་། མཉམ་ལས་ཁང་། ཞིང་དུད(དུད་ཚང་དབུལ་པོ)བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ནས་ས་གནས་དེ་གའི་མང་ཚོགས་ཚོར་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁྲིད་སྟོན་བྱས་པ་དང་། མིག་སྔར། རྫོང་ཡོངས་ཀྱིས་ཀོ་ཤ་སོགས་ཀྲུང་ལུགས་སྨན་རྒྱུ་འདེབས་ཁྱོན་མུའུ་ཁྲི་3.6འཕེལ་རྒྱས་བཏང་བ་དེ་རྫོང་དེའི་དབུལ་སྒྲོལ་འགག་སྒྲོལ་གྱི“མཆོག་ནོར”ལྟ་བུར་གྱུར་ཞིང་། གོང་གི་པར་རིས་ནི་2018ལོའི་ཟླ་7ཚེས་6ཉིན་ཅང་ཤིས་ཞིང་ཆེན་ཞ་ཅང་རྫོང་མཱ་པུའུ་གྲོང་རྡལ་ཧྲང་ཀའེ་གྲོང་ཚོའི་གྲོང་མིས་རྟེན་གཞིའི་ནང་ཀོ་ཤར་གཡོག་བྱེད་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།