འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།2025ལོར་སླེབས་སྐབས་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་300བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་7ཚེས་6ཉིན་འཚོགས་པའི་སྣོད་བཅུད་ཤེས་དཔལ་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས“ནགས་ཚལ་གྲོང་ཁྱེར། ལྗང་མདོག་མཉམ་སྤྱོད”ཅེས་པའི་ཆེད་དོན་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《རྒྱལ་ཡོངས་ནགས་ཚལ་གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད(2018ལོ་ནས་2025ལོ་བར)》ཡོངས་བསྒྲགས་བྱས་པ་རེད། 《འཆར་འགོད་》ནང་2020ལོར་སླེབས་སྐབས་རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་ནགས་ཚལ་གྲོང་ཁྱེར་ཚོམ་བུ་6དང་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་200བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། རིགས་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ནགས་ཚལ་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་བཀོད་པ་རགས་ཙམ་ཆགས་པ་བྱ་རྒྱུ་རེད། 2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་300བསྐྲུན་ཐུབ་པ་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་ནགས་ཚལ་གྲོང་ཁྱེར་གྱི་སྣོད་བཅུད་ཞབས་ཞུ་དོ་སྙོམས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱས་ཏེ་དམངས་ཡོངས་ཀྱིས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྣོད་བཅུད་ཕན་བདེ་མཉམ་སྤྱོད་ཐུབ་རྒྱུ་རེད།
             ཤེས་རྟོགས་བྱས་པར་གཞིགས་ན། ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་འཚམ་པ་བྱས་ཏེ་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྣོད་བཅུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཞིག་རེད། དེའི་ངོ་བོ་ནི“གྲོང་ཁྱེར་ནང་ནགས་ཚལ་ཁྱབ་པ་དང་། གྲོང་ཁྱེར་ནགས་ཚལ་གྱིས་བསྐོར་བ”ཞེས་པར་དམིགས་ནས་ནགས་ཚལ་དང་ལྗོན་ཤིང་གིས་བྱེད་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན། སྐྱོན་བྲལ་དང་བརྟན་ལྷིང་བཅས་ཀྱི་གྲོང་ཁྱེར་གྱི་སྣོད་བཅུད་མ་ལག་ཅིག་གཏོད་རྒྱུ་ཡིན་པ་རེད། 2004ལོ་ཚུན་དུ། ཀྲུང་གོའི་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་གསར་གཏོད་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་དེ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་300ལྷག་ཙམ་དུ་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ཁྲོད་གྲོང་ཁྱེར་138ལ་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། ཞིང་ཆེན་20ལྷག་ཙམ་དུ་ནགས་ཚལ་གྲོང་ཁྱེར་ཚོམ་བུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ། ཞིང་ཆེན་18དུ་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་སྐྲུན་བཞིན་ཡོད་པ། ནགས་ཚལ་རྫོང་གྲོང་དང་། ནགས་ཚལ་གྲོང་རྡལ་ཆུང་ངུ་། ནགས་ཚལ་གྲོང་ཚོ་བཅས་ཀྱི་དཔེ་སྟོན་ཁག་གཅིག་བསྐྲུན་ཟིན་ནས། གྲོང་ཁྱེར་སྣོད་བཅུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་དཔེ་དབྱིབས་དང་དམ་འཛིན་བྱེད་གཞི་ཞིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།