འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"སྨན་བཅོས་དང་ལུས་གསོ་ཟུང་འབྲེལ"གྱིས་བདེ་ཐང་སླར་གསོའི་རྒན་གསོའི་རྣམ་པ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཝུའུ་དབྱི་རྫོང་གིས་སྨན་བཅོས་སྒྲིག་གཞིར“སྨན་བཅོས་དང་ལུས་གསོ་ཟུང་འབྲེལ”གྱི་རྒན་གསོའི་ཞབས་ཞུ་གསར་པ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རིག་གནས་འཚོ་བ་དང་། རོལ་རྩེད། སྨན་བཅོས། བདེ་ཐང་སླར་གསོ་དང་འཕྲོད་སྦྱོར་བཅས་གཞི་གཅིག་ཅན་གྱི་རྒན་གསོ་ཁང་བཙུགས་ནས་རྒན་རྒོན་གྱི་རྒན་གསོ་དང་སྨན་བཅོས་གཡོག་བྱེད་ཀྱི་དགོས་མཁོ་བསྐངས་ནས་རྒན་རྒོན་ཚོ་ཚེ་མཇུག་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱས་པ་རེད། མིག་སྔར། ཝུའུ་དབྱི་རྫོང་དུ་རྫོང་རིམ་པའི་སྨན་ཁང་2དང་། ཤང་གྲོང་འཕྲོད་བསྟེན་ཁང་9 དམངས་བཙུགས་སྨན་ཁང་10ལྷག་ཙམ་ཡོད་པ་ཚང་མར“སྨན་བཅོས་དང་ལུས་གསོ་གཞི་གཅིག་ཅན”གྱི་རྒན་གསོའི་ཞབས་ཞུ་ཚོད་ལྟ་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།