འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཤིན་ཅང་གི་མི་ཁྲི་31.74དབུལ་སྒྲོལ་ཐུབ་པ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧན་ལི་ཆུན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           འདི་ལོ་ནས་བཟུང་། ཤིན་ཅང་རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་ཁྲི་7ལྷག་ཙམ་གྱིས་གཞི་རིམ་འཐབ་ཕྱོགས་དང་པོར་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་དང་སེམས་ནང་བཅངས་ནས་ཞིང་འབྲོག་པ་ཚོ་དང་མཉམ་བཟའ་མཉམ་སྡོད་དང་མཉམ་དུ་ལས་ཀ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་སྣེ་ཁྲིད་ནས་འབྱོར་ཕྱུག་ལྡན་པའི་ལམ་བུར་མཉམ་དུ་སྐྱོད་པ་རེད།
           ཡུལ་བབ་དང་བསྟུན་པ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།
          ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་ནི་དབུལ་སྒྲོལ་གྱི་འགག་རྩ་ཞིག་རེད།
          “ཤིན་ཅང་ལྷོ་རྒྱུད་ས་ཁུལ་དུ་རང་བྱུང་ཆ་རྐྱེན་ཞན་པོ་ཡོད་པས་དབུལ་སྐྱོར་ལས་དོན་དེ་དབྱེ་བ་མེད་པ་བྱེད་མི་རུང་བར་རྣག་ཐོག་གཙག་འཁེལ་ཡོང་བ་བྱེད་དགོས”ཞེས་ཤིན་ཅང་ནུས་རྒྱུ(ཚོགས་པ)ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝུའུ་ཆ་རྫོང་ཁན་ཅིའུ་ཀན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཏིང་དབན་ཆོན་གྱིས་བཤད། འདྲི་རྩད་དང་བརྟག་ཞིབ་བྱས་པ་བརྒྱུད་གྲོང་སྡོད་ལས་དོན་རུ་ཁག་གིས་རྔ་མོང་ནི་ནད་འགོག་ནུས་པ་ཆེ་བ་དང་གསོ་ཚགས་མ་གནས་དམའ་བ་མ་ཟད། རྔ་མོང་གི་འོ་མ་དང་ཁུ་ལུའི་དཔལ་འབྱོར་གྱི་རིན་ཐང་མཐོ་པོ་ཡོད་པ་དེ་ནི་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་གང་མགྱོགས་སྣེ་ཁྲིད་བྱེད་པའི་རྣམ་གྲངས་ཡག་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།
            ནང་གྲོས་ཐེངས་མང་བྱས་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་ཁན་ཅིའུ་ཀན་གྲོང་ཚོ་ཨུ་ལྷན་དང་རྔ་མོང་གསོ་ཚགས་དུད་ཚང་ཆེ་གྲས་མཱ་མའེ་ཐི་ཐུར་སུན·ཨ་པུ་ཏུའུ་ཁ་ཏིར་བཅས་ཕྱོགས་གསུམ་དབར་གྲོས་མཐུན་བཞག་ནས་སེམས་མཐུན་རྔ་མོང་གསོ་ཚགས་མཉམ་ལས་ཁང་བཙུགས་ཏེ་ཁག་དང་པོར་དུད་ཚང་དབུལ་པོ་30མཉམ་ལས་ཁང་གི་ཁོངས་མིར་བསྡུས་པ་དང་རྔ་མོང་གསོ་ཚགས་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་རེད། མིག་སྔར། རྔ་མོང་30ནས་63བར་འཕེལ་ཡོད། ལོ་གཅིག་གཉེར་སྐྱོང་བྱས་པ་བརྒྱུད་འདི་ལོའི་ཟླ་2ཚེས་4ཉིན་ཁན་ཅིའུ་ཀན་གྲོང་ཚོས་ལོ་རྒྱུས་ཐོག་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་ཚོགས་འདུ་ཚོགས་ཡུལ་དུ་དུད་ཚང་དབུལ་པོ་30ལ་དུད་ཚང་རེར་2017ལོའི་ལོ་འཁོར་གྱི་ཁེ་སྤོགས་སྒོར་1000རེ་སྤྲད་པ་རེད།
            ཤིན་ཅང་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཤིན་ཅང་གི་མི་ཁྲི་31.74དང་གྲོང་ཚོ་དབུལ་པོ་331དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་2016ལོའི་15.51%ནས་12.63%བར་ཆག་ཡོད་པ་རེད།
           ཕུགས་ལ་དམིགས་པ་དང་བདེན་འཚོལ་གསར་གཏོད་བྱས་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པ།
           དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་དགོས། ཉ་འཛིན་པ་ལས་ཉ་འཛིན་སྟངས་སློབ་ན་དགའ། མ་དངུལ་བེད་སྤྱོད་ཡག་པོ་དང་རྣམ་གྲངས་ཡག་པོ་འདེམས་རྒྱུ་ནི་གལ་ཆེའི་ནང་ནི་འགངས་ཆེན་ཞིག་རེད།
           གྲོང་ཚོ་ཞིག་ལ་སྒྲིག་ཁུངས་འཕེལ་རྒྱས་ཀྱི་འཆར་གཞི་དགོས་སམ་མི་དགོས། “གྲོང་སྡོད་ལས་བྱེད་པས་ང་ཚོར་ཕུགས་ལ་ལྟ་བ་དང་། ཕུགས་ལ་བསམ་བློ་གཏོང་བ། བསམ་ཕྱོགས་གསར་གཏོད་བྱེད་པ། ཡིད་ཆེས་ལྡན་པ་བཅས་བྱས་ཡོད”ཅེས་ཁན་ཅིའུ་ཀན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཐུར་ཏ་ལི·ཧ་ཧྲན་གྱིས་བཤད། ཤིན་ཅང་ནུས་རྒྱུ(ཚོགས་པ)ཀུང་སིའི་རོགས་རམ་འོག ཁན་ཅིའུ་ཀན་གྲོང་ཚོས་《དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཞིབ་འཇུག་སྙན་ཞུ་》བཟོས་པ་དང་། “གཞི་ཁྱོན་སྣེ་འདྲེན་དུ་བྱེད་པ་དང་། ཐོན་ལས་འདེགས་སྐྱོར་དུ་བྱེད་པ། རྣམ་གྲངས་དམ་འཛིན་བྱ་གཞིར་བྱེད་པ”བཅས་ཀྱི་འཐབ་ཇུས་བསམ་བཀོད་གཏན་འཁེལ་བྱས་པ། “ཀུང་སི་དང་། གྲོང་ཚོ་ཨུ་ལྷན། ཞིང་འབྲོག་པའི་མཉམ་ལས་ཁང་། ཞིང་དུད(དུད་ཚང་དབུལ་པོ)བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་བཏོན་ནས་གྲོང་ཚོ་ཡོངས་ཕྱུགས་རིགས་གསོ་ཚགས་གྲོང་ཚོ་ནས་ཁྱད་ལྡན་ཡུལ་སྐོར་གྲོང་ཚོར་ཕྱོགས་བསྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
            བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་ཤིན་ཅང་གིས་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་61.77བཀོད་སྒྲིག་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་37%འཕར་བའི་ནང་ནས་མ་དངུལ་བཅུ་ཆ་བརྒྱད་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཤམ་གཏོང་བྱས་པ་དང་། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་45.23འཕར་བ་དང་། དངུལ་བུན་གཡར་མཁན་དུད་ཚང་དབུལ་པོ་ཁྲི་11.32འཕར་ཡོད་པ་རེད།
            གནད་སྨིན་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་འདོན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
            སྔོན་ཆད་ཀྱི་བྱེ་ཐང་ད་ཆ་སྐྱེད་མོས་ཚལ་ལ་གྱུར་ཞིང་། ཕི་ཧྲན་རྫོང་ཝན་ཧོ་གྲོང་གསར་དུ་ལྗོན་ཤིང་གིས་རབ་ཏུ་བཀླུབས་པའི་ཁར། ཨར་འདམ་གྱི་ལམ་ངོས་གཙང་སྦྲ་དོད་ལ་གྲལ་བསྟར་འགྲིག་པས་ལྟ་སྣང་དོད་པ་ཞིག་ཡོད། ལོ་གཉིས་ཀྱི་གོང་དུ་དེ་གར་བྱེ་རླུང་ལྡང་ནས་བྱ་བྱིའུ་ཡང་མཐོང་དཀའ་བའི་ས་ཆ་སྐྱ་ཐེར་ཐེར་ཞིག་ཡིན་པ་སུས་ཀྱང་བསམ་བློར་འཁོར་མི་སྲིད།
             ཝན་ཧོ་གྲོང་གསར་ནི་ཕི་ཧྲན་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་དང་། ཨན་ཧུའེ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ། ཧོ་ཐན་ས་ཁུལ་གྱི་ཤིན་སྐྱོར་རྣམ་གྲངས་ཤིག་བཅས་རེད། གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་མུའུ་ཁྲི་1.54ཡོད་པར་འཚོ་བའི་སྡོད་ཁུལ་དང་། ཞིང་ལས་འདེབས་འཛུགས་ཁུལ། གསོ་ཚགས་ཁུལ་བཅས་བཙུགས་ཡོད། མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་597གྱི་མི་2986དེ་གར་སྤོས་པ་དང་། གྲོང་ཚོ་ཨུ་ལྷན་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་། ཐོན་ལས་དྲོད་ཁང་ཆེ་མོ་སོགས་བསྐྲུན་ནས་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཁ་གཏད་ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19ཡིས་རྣམ་གྲངས་545སྒྲིག་འཛུགས་ལག་བསྟར་གྱིས་ཤིན་སྐྱོར་མ་དངུལ་སྒོར་དུང་ཕྱུར་75.15བཀོད་སྒྲིག་བྱས་ཏེ་མང་ཚོགས་དབུལ་པོའི་སྡོད་ཁང་ཆ་རྐྱེན་གཙོ་གནད་ཐོག་ལེགས་སུ་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་ལག་བསྟར་བྱས་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་དབུལ་སྒྲོལ་ཡོང་རོགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།