འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཁྲལ་དོན་ཅུས་གསར་པ་535གཅིག་གྱུར་ཐོག་སྒོ་བྱང་བཀལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་རྒྱལ་ཁྲལ་ཅུས་ཁག་དང་ས་གནས་ཁྲལ་དོན་ཅུས་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་རིམ་པའི་ཁྲལ་དོན་ཅུས་535གཅིག་གྱུར་ཐོག་སྒོ་བྱང་བཀལ་བ་དང་འབྲེལ། ཕྱི་ཕྱོགས་སུ་འགན་འཁྲི་ལག་བསྟར་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་གྱི་བསྡུ་ལེན་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་བདེ་བླག་ངང་སྐུལ་འདེད་བཏང་བ་མཚོན་ཡོད། རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་གྱི་བསྡུ་ལེན་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། སྒྱུར་བཅོས་འདི་ཉིད“ཞིང་ཆེན་གྱི་ཅུས་སྒྱུར་བཅོས་ཡག་པོ་བྱས་ཏེ་མིག་དཔེ་འདོན་པ”དང“གྲོང་ཁྱེར་དང་རྫོང་གིས་ཚང་མར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ”གཉིས་མཉམ་སྤེལ་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།
              ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཅོས་བྱེད་རིང་། རྒྱལ་ཡོངས་ཁྲལ་དོན་སྡེ་ཚན་གྱིས“སྒྲིག་གཞི་སྒྱུར་བཅོས་དང་ཞབས་ཞུ་སྔོན་ལ་ལག་བསྟར”གྱི་འདུ་ཤེས་ལ་བརྩི་སྲུང་གིས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དང་12366གི་ཁྲལ་འཇལ་ཞབས་ཞུ་བསྡུ་སྒྲིལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“ཚོམས་ཆེན་གཅིག་ནང་ལས་སྒོ་ཚང་མ་གཉེར་ཐུབ་པ”དང་། “བློ་འདྲི་བྱེད་ཐེངས་གཅིག” “དྲ་བ་གཅིག་ནང་གཉེར་ཐུབ་པ”སོགས་ཀྱི་དམངས་ཕན་གྲུབ་འབྲས་རབ་དང་རིམ་པའི་རྨང་གཞིའི་ཐོག་ཁྲལ་འཇལ་མཁན་ལ་དེ་བས་ལེགས་པ་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཁྲལ་འཇལ་བའི་ཁྲལ་གཉེར་ཁུར་པོ་ཡང་དུ་གཏོང་བ་དང་། ཁྲལ་འཇལ་བའི་ཁྲལ་གཉེར་མ་གནས་ཆུང་དུ་གཏོང་བ། ཁྲལ་འཇལ་བའི་དོ་ཁུར་ལ་ལན་སློག་པ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།