འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་ཚད་གཞི་ཏུན་ཁྲི་8ལྷག་ཙམ་ཟིན་ནས་ལོ་15ལྡབ་
    30ལྷག་ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། 2017ལོའི་ལོ་མཇུག་བར། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་ཚད་གཞི་ཏུན་ཁྲི་8.12ཟིན་པ་དེ་2002ལོའི་ཞིབ་དཔྱད་ཚད་ལེན་གྲངས་གཞིའི་ལྡབ་31ཡིན་པ་རེད།
          མཚོ་སྔོན་པོའི་ཙོང་ཉ་ནི་མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཤིག་ཡིན་པ་དང་། མཚོ་སྔོན་པོའི“ཉ་བྱ་མཉམ་གནས”སྣོད་བཅུད་མ་ལག་གི་ལྟེ་གནས་སུ་གནས་ཡོད། མཚོ་སྔོན་པོའི་ཙོང་ཉ་དེ་ཉིད་《ཀྲུང་གོའི་སྲོག་ཆགས་རིགས་ཀྱི་མིང་གཞུང་དམར་པོའི་》སྟོངས་ཉེའི་ཉ་རིགས་སུ་བཅུག་ཡོད་པ་རེད།
         དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུ་པའི་ནང་། ཉ་ཚད་ལས་བརྒལ་བ་བཟུང་བ་དང་། མཚོ་སྔོན་པོའི་ཉེ་འཁོར་གྱི་སྣོད་བཅུད་ཞན་དུ་སོང་བ་སོགས་ཀྱིས་རྐྱེན་པས། མཚོ་སྔོན་པོའི་ཙོང་ཉ་ཉུང་དུ་ཤུགས་ཆེན་ཕྱིན་ནས་ཉ་འཛིན་ཐོན་ཁུངས་ཚད་གཞི་བར་སྐབས་ཤིག་རིང་ཏུན་1000ཡང་ཟིན་གྱི་མེད་པ་རེད། ཙོང་ཉ་སྲུང་སྐྱོང་དང་མཚོ་སྔོན་པོའི་སྣོད་བཅུད་མ་ལག་སླར་གསོ་བྱ་ཆེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་མཚོ་སྔོན་པོར“མཚོ་བཀག་ཉ་གསོ”བྱས་པ་དང་འབྲེལ་2001ལོ་ནས་བཟུང་ཉ་རྩ་བ་ནས་འཛིན་མི་ཆོག་པའི་བྱ་ཐབས་ལག་བསྟར་བྱས་པ་རེད། དེ་དང་དུས་མཚུངས་1997ལོ་ནས་བཟུང་མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོང་ལྟེ་གནས་ཀྱིས་མཚོ་སྔོན་པོའི་ཙོང་ཉའི་ཉ་སོན་6000ཙམ་ཉར་ནས་ཆུ་རྫིང་དུ་གསོས་པ་དང་འབྲེལ་མཚོ་སྔོན་པོའི་ཨེར་ཧའེ་མཚེའུ་རུ་མཚོ་སྔོན་པོའི་ཙོང་ཉའི་ཉ་སོན་ཁྲི་4ཙམ་ཉར་ཚགས་བྱས་ཡོད། 2002ལོ་ནས་བཟུང་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་དང་ཆུར་གློད་འགོ་ཚུགས་པ་དང་། 2017ལོའི་ལོ་མཇུག་བར་ཁྱོན་ཙོང་ཉའི་ཉ་ཕྲུག་ཁྲི་11338ཆུ་ལ་གློད་པ་རེད།
          མཇུག་འགྲིལ་མ་ཐག་པའི་སྐབས་བཅུ་གཅིག་པའི་མཚོ་སྔོན་པོའི་ཙོང་ཉ་སྐྱེ་འཕེལ་དང་ཉ་ཚེ་ཐར་གཏོང་བའི་དུས་ཆེན་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་གི་མང་ཚོགས་དང་ས་ཁུལ་ཁག་གི་ཡུལ་སྐོར་བས་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་བྱས་པའི་ཙོང་ཉའི་ཉ་ཕྲུག་ཁྲི་100མཚོ་སྔོན་པོའི་ཆུ་འཐེན་ཁུལ་འོམ་ཆུར་གློད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།