འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་
    མཚོན་གྱོད་དཔེ་ཁག་4བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབུལ་སྐྱོར་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་དབང་ཆ་དང་འགན་འཁྲི་འདྲ་མཚུངས་དང་འགན་འཁྲི་ཤོར་ཚེ་ངེས་པར་དུ་རྩད་གཅོད་གཏོང་བའི་རྩ་དོན་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས། ཉེ་ཆར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འགན་འཁྲི་མི་སྒྲུབ་པའམ་ཡང་ན་འགན་འཁྲི་ཡང་དག་མ་བསྒྲུབས་པའི་རྐྱེན་གྱིས་དབུལ་སྐྱོར་མ་དངུལ་སྒེར་སྤྱོད་བྱས་པའམ་ཡང་ན་འཕྲོ་བརླག་བཏང་བའི་དཔེ་མཚོན་གྱོད་དཔེ་ཁག་4གཅིག་སྡུད་བརྡ་ཁྱབ་བཏང་བ་རེད།
         2017ལོའི་ཟླ་8པ་དང་9པར་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཐན་ཅ་ཀྲའེ་གྲོང་རྡལ་ཤ་ཡིང་གྲོང་ཚོ་དང་པོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཏན་ཞང་གིས་ཤ་ཡིང་གྲོང་ཚོ་དང་པོའི་དབུལ་སྐྱོར་རོགས་རེས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་བྱེད་སྐབས་སྟབས་བདེ་སྤྱད་དེ་རོགས་རེས་མཐུན་ཚོགས་ཀྱི་ནོར་དོན་ཐམ་ག་དང་ཁྲིམས་གཏན་འཁེལ་བའི་འཐུས་མིའི་ཐམ་ག་ཁྱེར་ནས་ཐན་ཅ་ཀྲའེ་ཡི་ཡིད་རྟོན་ཁང་ནས་ཤ་ཡིང་གྲོང་ཚོ་དང་པོའི་དབུལ་སྐྱོར་རོགས་རེས་མཐུན་ཚོགས་ཀྱི་རོགས་རེས་མ་དངུལ་སྒོར་ཁྲི་50ཐེངས་གསུམ་ལ་དབྱེ་ནས་བཏོན་པ་ཚང་མ་རྒྱན་ཤོར་བུ་ལོན་འཇལ་བྱེད་དུ་བཏང་བ་རེད། 2017ལོའི་ཟླ་11པར་ཝུའུ་ཏན་ཞང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་སྤྱི་བདེ་ལས་ཁུངས་ཀྱིས་དེའི་གྱོད་འབྲེལ་ཉེས་གསོག་གནད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད།
         2015ལོའི་ཟླ་11པར་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཏའོ་ཤང་ཧུང་ཧྭ་གྲོང་ཚོར་གནད་སྨིན་དབྱེ་འབྱེད་ལས་དོན་སྤེལ་སྐབས། གྲོང་མིའི་ཚོགས་འདུའི་ཐོག་དཔྱད་བསྡུར་མ་བྱས་པའི་གནས་ཚུལ་འོག་2014ལོར་རགས་ཙམ་དཔྱད་འདེམས་བྱས་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མིང་ཐོའི་ནང་ནས་རང་དགར་དུད་ཚང་39དང་མི་འབོར་དབུལ་པོ་136གཏན་འཁེལ་བྱས་རྐྱེན། 2018ལོའི་ཟླ་2པར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཡན་ཁོའོ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀན་ཆིང་དབྱིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་སོ་སོར་གཅད་པ་རེད།
          2015ལོའི་ཟླ་6པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཧོ་ནན་གྲོང་ཚོར་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་བསྟར་བྱེད་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཡུས་ཀུའེ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆི་ཧྲེང་ཕུའུ་ཡིས་དཔྱད་གཞི་རྫུས་མ་བཟོས་ནས་བོད་ལུག་གསོ་སྤེལ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་ཇུས་གཞི་བཟོས་པ་རེད། རྣམ་གྲངས་དེའི་ལག་བསྟར་གནས་ཚུལ་དང་ཞིབ་བཤེར་རྩིས་ལེན་གྱི་སྙན་ཞུ་མ་མཚུངས་སྟབས་མང་ཚོགས་དབུལ་པོར་ལོ་གཉིས་བསྟུད་མར་ཁེ་སྤོགས་མ་རག་པའི་ཁར་ནོར་དོན་དོ་དམ་ཟང་ཟིང་ཡིན་རྐྱེན་ངོ་མ་མིན་པའི་འཛིན་ཡིག་གིས་མགོ་གཏུག་གཏོང་བ་དང་། དངུལ་སྨར་འབོར་ཆེན་བཏོན་པ། བུ་ལོན་གཡར་བ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལྷག་ཡོད། 2018ལོའི་ཟླ་2པ་ནས་ཟླ་4པ་བར་ཆི་ཧྲེང་ཕུར་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་བྱེད་པའི་ཆད་པ་ཕོག་པ་དང་མ་ཡུས་ཀུའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་རེད།
          2010ལོ་ནས་2015ལོ་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་ཉིན་ཤུག་ཤང་ཉིན་ཤུག་མཉམ་ལས་ཁང་གིས་བོད་ལུག་སྡོམ་གསོ་དང་། འབྲི་གཡག་སྡོམ་གསོ། རྩྭའི་ཐོན་ཟོག་ལས་སྣོན་བཅས་ལ་སྤྱོད་པའི་མ་དངུལ་ནང་གི་སྒོར་ཁྲི་453.7སྒེར་སྤྱོད་བྱས་ཏེ་སྔོ་གཟན་དང་སྐམ་གཟན་ཚོད་ལྟའི་ས་ཚིགས་དང་རྒྱས་སྐྲུན་རྣམ་གྲངས་ལ་སྤྱད་པ་དང་འབྲེལ་སྤ་སེ་རྫུས་མ་སྤྲོད་པ་དང་། འཛིན་ཡིག་རྫུས་མས་མགོ་གཏུག་གཏོང་བ། དབུལ་སྐྱོར་མ་དངུལ་སྤྲད་དེ་ཐད་ཀར་ཁེ་སྤོགས་བགོ་བ་སོགས་ཀྱི་གནད་དོན་ལྷག་ཡོད། 2017ལོའི་ཟླ་11པར་སྐབས་དེ་དུས་ཉིན་ཤུག་མཉམ་ལས་ཁང་གི་ལས་འཛིན་དཔོན་བ་བྷེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་དེའི་སྒྲིག་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།