འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ།

    བརྗོད་དོན་གཙོ་བོའི་གླེང་སྟེགས་དང་དབུ་ཚོགས་ཐེངས་20ཙམ་བཙུགས་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་ལས་གྲྭ་ཁང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་2018ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ཟླ་9ཚེས་17ནས་ཚེས་19ཉིན་བར་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ་རེད།
            གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་གྱིས“མི་ཐབས་རིག་ནུས་ཀྱིས་དུས་རབས་གསར་པ་སྦྱིན་ཐུབ”ཅེས་པ་བརྗོད་དོན་གཙོ་བོར་བྱ་རྒྱུ་དང་། “རྩེ་གྲ་ཅན་དང་། རྒྱལ་སྤྱི་ཅན། ཆེད་ལས་ཅན། ཚོང་ར་ཅན”བཅས་ཚོགས་ཆེན་གཉེར་བའི་བྱེད་ཕྱོགས་ཡིན་ལ། ཡན་ལག་གླེང་སྟེགས་དབུ་ཚོགས་དང་། ཁྱད་ཆོས་ལྡན་པའི་བྱེད་སྒོ། ཉེར་སྤྱོད་འགྲེམས་སྟོན། གསར་གཏོད་འགྲན་བསྡུར་བཅས་ཁག་བཞི་རུ་དབྱེ་ནས“ཐོན་སྐྱེད་དང་སློབ་གསོ། ཚན་ཞིབ། བདེ་སྤྱོད། མ་འཇོག”བཅས་ཟུང་འབྲེལ་གྱི་ཚོགས་འདུ་འཚོགས་སྟངས་སྤྱོད་རྒྱུ་ཡིན་པ་རེད།
            ཚོགས་ཆེན་ཐོག་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་དབུ་ཚོགས་གཉེར་ཐེངས་20ཙམ་བྱས་ནས། ཀླད་པ་དང་འཕྲུལ་ཆས་མཉམ་འདྲེས་དང་། ཚོགས་པའི་རིག་ནུས། རིག་ནུས་སྙིང་ལྕག་
            རིག་ནུས་འཁོར་གཏོང་སོགས་ཀྱི་འཕེལ་རྒྱས་གནས་ཚུལ་དང་། འཕེལ་ཕྱོགས། གླེང་བ་མང་བ་བཅས་ལ་སྤྲོ་སེམས་ཆེན་པོས་གྲོས་བསྡུར་སྤེལ་རྒྱུ་རེད། ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་ཆེད། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཁྱབ་ཁོངས་ལ་ཕྱོགས་ཏེ་སློབ་གྲྭར་ཡོད་མུས་ཀྱི་དགེ་སློབ་དང་མི་སྒེར་གྱི་གསར་སྤེལ་བྱེད་མཁན་དང་དེ་བཞིན་ཚོགས་པར“2018ལོའི་འཛམ་གླིངགི་་མི་ཐབས་རིག་ནུས་གསར་གཏོད་འགྲན་བསྡུར་ཆེན་མོ”གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།