འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་པ་ཞི་རུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་པ་ཞི་རུ་བྱས་པ།
         མི་དམངས་དྲ་བའི་འཕྲིན། "ཀྲུང་གོ་ཤེས་ཚོར། མཛེས་པའི་མཚོ་སྔོན"ཞེས་པའི་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་པ་ཞིའི་ལིད་གཡོད་རེ་ནེ་ལུའུ་རུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་པར་རིས་200ལྷག་དང་། ཐང་ག་20ལྷག  དེ་བཞིན་དངོས་མཚོན་གློ་བརྙན་མང་པོ་ཞིག་འགྲེམས་སྟོན་བྱས་ཡོད་ཅིང་། སྒྱུ་རྩལ་པ་མང་པོ་ཞིག་གིས་ཡུལ་དངོས་སུ་མང་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་དབྱངས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད་ལ།  གཅིག་འདུས་ངང་མཚོ་སྔོན་གྱི་ཐུན་མོང་མིན་པའི་རང་བྱུང་གི་ཡུལ་ལྗོངས་དང་། མི་རིགས་ཀྱི་ལུགས་སྲོལ། གཏིང་ཟབ་པའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བཅས་བྱས་ཡོད་པ་རེད། ཐེངས་འདིའི་འགྲེམས་སྟོན་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་།  ལི་གཡོད་རེ་ནེ་ལུའུ་ཕུད་ད་དུང་ཕེ་རུ་དང་ཨ་ཀེན་ཐིན་དུའང་སྤེལ་རྒྱུ་ཡིན་པ་རེད།
    ༄༅།།མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་པ་ཞི་རུ་བྱས་པ།
    ༄༅།།མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་པ་ཞི་རུ་བྱས་པ།
    ༄༅།།མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་པ་ཞི་རུ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།