འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་འཕྱོ་སྐྱོད་མེ་འཁོར་གྱི་ཡུལ་སྐོར་ཆེད་དོན་ལམ་ཐིག་ཐོག་མ་དེར་ཕྱི་ལོ་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་ཀྱིས་གཙོ་གཉེར་བྱས་པའི་འཕྱོ་སྐྱོད་མེ་འཁོར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཀོང་ཏུང་ཞིང་ཆེན་ཆིང་ཡོན་གྲོང་ཁྱེར་དུ་གཉེར་བ་དང་། ཆན་ཆིང་ཆོན་དང་ཏིང་རུང་ཅུན་སོགས་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་བཞི་དང་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་འཕྱོ་སྐྱོད་མེ་འཁོར་འཕེལ་རྒྱས་ཀྱི་མདུན་ལམ་སྐོར་གྲོས་བསྡུར་གནང་བ་རེད། གསར་འགོད་པར་གླེང་སྟེགས་གཉེར་ཡུལ་ནས་ཤེས་རྟོགས་བྱུང་བར། ཆིང་ཡོན་དུ་སྐྲུན་པའི་རྒྱལ་ནང་གི་འཕྱོ་སྐྱོད་མེ་འཁོར་གྱི་ཡུལ་སྐོར་ཆེད་དོན་ལམ་ཐིག་དང་པོ་དེ་ཕྱི་ལོའི་ཟླ་10པར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
            ཆིང་ཡོན་གྲོང་ཁྱེར་གྱི་འཕྱོ་སྐྱོད་མེ་འཁོར་གྱི་ཡུལ་སྐོར་ཆེད་དོན་ལམ་ཐིག་དེ་མྱུར་ཚད་འབྲིང་དམའ་ཡི་འཕྱོ་སྐྱོད་མེ་འཁོར་གྱི་འགྲིམ་འགྲུལ་ཐོན་ལས་ཅན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པས་ཀྲུང་གོའི་མྱུར་ཚད་འབྲིང་དམའ་ཡི་འཕྱོ་སྐྱོད་མེ་འཁོར་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་འགངས་ཆེན་ལྡན་ཡོད། ཆེད་དོན་ལམ་ཐིག་བསྐྲུན་རིང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་སྤྱིའི་འགན་ལེན་ཚན་པར་བརྩིས་ནས་ན་ནིང་ལོ་མཇུག་ཏུ་དངོས་སུ་སྐྲུན་འགོ་བཙུགས་པ་དང་དུས་ཐེངས་གཉིས་ལ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དེའི་རིང་ཚད་ཡོངས་ལ་སྤྱི་ལེ་38ཡོད་པ་དང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་24ཙམ་ཟིན་པ་རེད། དུས་ཐེངས་དང་པོའི་སྤྱི་ལེ་8.1གི་ལམ་ཐིག་དེ་ཁྲང་ལུང་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་དུས་གཅིག་ཏུ་གཉེར་སྐྱོང་བྱ་རྒྱུ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100རུ་ཇུས་འགོད་བྱས་པ་དང་། དུས་མཇུག་ཏུ་ཤར་ནུབ་ཁ་ཕྱོགས་གཉིས་ནས་སྣུར་སྲིང་བྱས་ཏེ་ཁྲང་ལུང་ཧོ་ནན་སྟག་རིགས་འབྱུང་ཁུངས་རྟེན་གཞི་དང་མེ་ལིན་མཚེའུ་སོགས་དང་འབྲེལ་མཐུད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།