འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲལ་སྡོམ་དོ་དམ་པུས་ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་མངོན་གསལ་དོད་པའི་
    གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ལྔའི་རིང་རྒྱལ་ཡོངས་ལ་ཕྱོགས་བསྡུས་ཚོང་རར་མེ་སྐྱོན་ཐེངས་9255ཤོར་བའི་ནང་མི་114རྐྱེན་ལམ་དུ་ཤོར་བ་དང་། ཐད་ཀའི་རྒྱུ་ནོར་གྱོང་གུན་སྒོར་དུང་ཕྱུར་10.7ཕོག་པའི་སྙན་སེང་འབྱོར་བ་རེད།
            འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་གཞོན་པ་སུན་ཧྭ་ཧྲན་གྱིས་དེ་ཉིན་འཚོགས་པའི་ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་ཟོན་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་བརྙན་ལམ་ཚོགས་འདུའི་ཐོག་གསུངས་དོན། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག་དང་ཚན་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གཅིག་སྡུད་ཐོག་སྤེལ་བ་དང་། འགན་འཁྲི་སྔར་བས་ཁ་གསལ་དང་། བྱེད་ཐབས་ནུས་ལྡན། ལྟ་ཞིབ་ནན་པོ་བཅས་བྱེད་པ། ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་པ། ཕྱོགས་བསྡུས་ཚོང་ར་ཆེ་གྲས་ལ་མེ་སྐྱོན་ཐོན་རྒྱུར་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
            སུན་ཧྭ་ཧྲན་གྱིས་ནན་གཤད་གནང་དོན། ཕྱོགས་བསྡུས་ཚོང་རར་ཆེད་དོན་བཅོས་སྒྲིག་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བླང་བྱ་ནས་འགོ་བཙུགས་ཏེ། མེ་ཟོན་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་སེལ་བ་དང་། གྲོང་ཁྱེར་བདེ་འཇགས་ངང་འཕེལ་རྒྱས་ཡོང་བའི་འགན་ལེན། ཕྱོགས་བསྡུས་ཚོང་ར་ཆེ་གྲས་ལ་མེ་སྐྱོན་ཐོན་མང་བའི་འཕེལ་ཕྱོགས་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ནས་ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྡེ་ཚན་མཉམ་འགུལ་དང་། ཕྱོགས་བསྡུས་ཇུས་བསྟར། མཉམ་ཤུགས་འདོན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་དུ་གཏོང་བ་དང་། འབྱུང་རྩར་ལྟ་སྐུལ་ཚོད་འཛིན་ནན་པོ་བྱེད་པ། གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་སྡུད་ཐོག་སྐོང་འདྲི་དང་དམར་རྗེན་དུ་འདོན་པ། དྲིལ་བསྒྲགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཚན་པའི་བྱེད་པོའི་འགན་འཁྲིའི་འགག་རྩ་དེར་དམ་འཛིན་ནན་པོ་བྱས་ནས་མེ་ཟོན་དོ་དམ་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། རིམ་པ་བཞིན་ལས་གནས་ཀྱི་འགན་འཁྲི་ཁ་གསལ་དུ་གཏོང་བ། མེ་ཟོན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་འགན་ལེན་བྱེད་པ། ཨར་སྐྲུན་མེ་ཟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཆ་འཕྲིན་ཅན་གྱི་དོ་དམ་ཚོད་འཛིན་ལག་ལེན་བསྟར་བ་བཅས་བྱེད་དགོས། ཕྱོགས་བསྡུས་ཚོང་ར་ཆེ་གྲས་ཀྱི་མེ་གསོད་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཕྱོགས་བསྡུས་ཚོང་རའི་མེ་གསོད་རྩལ་ཐབས་ལ་ཞིབ་འཇུག་དང་ནང་སྦྱོང་ཡག་པོ་བྱེད་པ་དང་། ཕྱོགས་བསྡུས་ཚོང་རའི་རང་བརྟེན་སྔོན་འགོག་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་བ། སྲིད་གཞུང་གི་འཕྲལ་སྡོམ་རོགས་སྐྱོབ་དང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།