འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཀུང་སིས་མོང་ནེ་ལྕགས་ལམ་ལ་ས་གནས་དེ་གའི་ལས་གཉེར་བྱེད་སྟངས་སྤྱད་པས་
    ཁེན་ནི་ཡའི་མི་དམངས་ཀྱི་དགའ་བསུ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡ་ཤར་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་མོང་པ་ས་དང་རྒྱལ་ས་ནེ་རོ་པི་སྦྲེལ་བའི་མོང་ནེ་ལྕགས་ལམ་དེ་2017ལོའི་ཟླ་5ཚེས་31ཉིན་དངོས་སུ་ཤར་གཏོང་ཐུབ་པ་ནི་ཁེན་ནི་ཡ་རང་བཙན་བྱས་ཚུན་གྱི་ལྕགས་ལམ་གསར་པ་ཐོག་མ་དེ་ཡིན། དེ་ནི་ཀྲུང་གོ་ལམ་ཟམ་བཟོ་འགོད་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་ཁུར་ནས་ལམ་ཧྲིལ་པོར་ཀྲུང་གོའི་ཚད་གཞི་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་སྒྲིག་ཆས་བཅས་སྤྱད་ཡོད་པས“ཀྲུང་གོའི་ཚད་གཞི”བཞིན་ཕྱོགས་ཡོངས་ནས་སྐྱེལ་འདྲེན་ལས་གཉེར་བྱེད་པའི་རྒྱལ་སྤྱིའི་ལྕགས་ལམ་གྱི་མ་ལམ་ཞིག་ཀྱང་ཡིན་པ་རེད། ཕྱི་རྒྱལ་དུ་ལྕགས་ལམ་ལས་གཉེར་བྱེད་པར་ས་གནས་དེ་གའི་ཤེས་ལྡན་པ་དགོས་པ་ནི་མེད་དུ་མི་རུང་བ་ཞིག་རེད། གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་མོང་ནེ་ལྕགས་ལམ་གྱི་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་ས་གནས་དེ་གའི་ལས་མི་1570ཟིན་པ་དེས་70%བཟུང་བའི་ནང་མི་ཉུང་བ་ཞིག་མ་འོངས་པར་ཁེན་ནི་ཡའི་རྐང་འཛིན་གཞོན་ནུར་འགྱུར་རྒྱུའི་རེ་བ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།