འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་ཀྲེན་འགག་སྒོ་ནས་ཆིང་རྒྱལ་རབས་སྐབས་ཀྱི་རིག་དངོས་6རྩད་ཆོད་ལག་ཟིན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲེན་ཀྲེན་འགག་སྒོ་ནས་ཆིང་རྒྱལ་རབས་སྐབས་ཀྱི་རིག་དངོས་6རྩད་ཆོད་ལག་ཟིན་བྱུང་བ།
         མི་དམངས་དྲ་བའི་འཕྲིན།  ཟླ་6ཚེས་28ཉིན་གསར་འགོད་པས་ཧྲེན་ཀྲེང་འགག་སྒོ་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། འགག་སྒོ་འདི་ནི་ཧྲེན་ཀྲེང་མཚོ་ཁུག་འགག་སྒོའི་ཐད་གཏོགས་ཡིན་པ་དང་། ཉེ་ཆར་ནང་སའི་ཡུལ་སྐོར་བ་ཞིག་གིས་ཆིང་རྒྱལ་རབས་སྐབས་ཀྱི་རིག་དངོས་རྒྱལ་ཁབ་ཕྱིར་ཁྱེར་བའི་གྱོད་གཞི་ཞིག་རྩད་ཆོད་ལག་ཟིན་བྱུང་ཡོད་པ་རེད། 
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5ཚེས་26ཉིན། འགག་སྒོའི་ལས་དོན་མི་སྣས་ཧྲེན་ཀྲེན་མཚོ་ཁུག་འགག་སྒོའི་ཕྱི་གཏོང་ཚོམས་ཆེན་ནས་ཡུལ་སྐོར་བ་ཞིག་གི་ལམ་ཆས་ལ་ཞིབ་བཤེར་བྱེད་སྐབས།  ལམ་ཆས་ནང་ནས་སངས་རྒྱས་ཀྱི་སྐུ་འདྲ་དང་ཐམ་ག་སོགས་རིག་དངོས་6རྙེད་པ་རེད། ཉེ་ཆར། ཀོང་ཏུང་ཞིང་ཆེན་རིག་དངོས་གསལ་འབྱེད་ལས་ཁུངས་ཀྱིས་གསལ་འབྱེད་བྱས་པ་ལས། རིག་དངོས་6པོ་དེ་ནི་ཆིང་རྒྱལ་རབས་སྐབས་ཀྱི་རིག་དངོས་ཡིན་པ་རེད། མིག་སྔར། གྱོད་གཞི་དེ་ལྐོག་འདྲེན་འཛིན་བཟུང་སྡེག་ཚན་ལ་བསྐྱལ་ནས་དེ་བས་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།
    ༄༅།།ཧྲེན་ཀྲེན་འགག་སྒོ་ནས་ཆིང་རྒྱལ་རབས་སྐབས་ཀྱི་རིག་དངོས་6རྩད་ཆོད་ལག་ཟིན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།