འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཐུའུ་ལུའུ་ཚེ་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་འགོ་ཚུགས་པ།

    ཀྲུང་གོས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དྲུག་པའི་ཧྥ་རན་སེའི་ཐུའུ་ལུའུ་ཚེ་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ཚེས་26ཉིན་ཧྥ་རན་སེའི་ལྷོ་ནུབ་ཀྱི་གྲོང་ཁྱེར་ཐུའུ་ལུའུ་ཚེར་འགོ་ཚུགས་ཡོད། སྐབས་འདིའི་འགྲེམས་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། གྲལ་སྒོར་ཚོགས་འདུ། འགྲེམས་སྟེགས་གཏོད་པ་སོགས་བརྒྱུད་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ཀྲུང་ཕྱིའི་རྒྱལ་སྤྱིའི་མཉམ་ལས་ཀྱི་མདུན་ལྗོངས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཡོད།
         ཧྥ་རན་སེའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་རང—དབྱི་ཕུའུ·ལེ་ཅའར་གྱིས་ཀྲུང་གོས་ད་རེས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་བར་ཧ་ཅང་དགའ་པོ་བྱུང་། འགྲེམས་ཚོགས་ནང་ཞུགས་མཁན་གྱིས་བྱེད་སྒོ་མང་པོའི་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མྱོང་ཚོར་ཐུབ་རྒྱུ་རེད། དུས་ཡུན་ཉིན་3གྱི་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ནང་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་གྱིས་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་བྱེད་སྟངས་གསར་པ་དང་ལས་རིགས་འཕེལ་རྒྱས་འགྲོ་སྟངས་གསར་པ་སོགས་ཀྱི་གྲོས་གཞིར་ཞིབ་དཔྱད་གཏིང་ཟབ་བྱ་རྒྱུ་རེད་ཅེས་བརྗོད།
         ཀྲུང་གོའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་དྲུང་ཆེ་ཐན་ཡུས་ལུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་གདན་ཞུས་ལྟར་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དེ་ལས་ཀྲུང་ཧྥ་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ལ་གནད་སྨིན་འཐུས་ཚང་དང་གྲུབ་འབྲས་ཆེན་པོ་ཐོབ་པའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་དང་འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་འབྲེལ་བ་དམ་ཟབ་ཡོད་པས། ད་རེས་ཀྱི་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་བརྒྱུད་རྒྱལ་སྤྱིའི་མཉམ་ལས་འབྲེལ་བ་སྔར་ལས་མང་བ་བཏོད་དེ་བར་སྣང་འཚོལ་ཞིབ་དང་། སྲུང་སྐར་བཀོལ་སྤྱོད། ཚོང་ལས་ཐད་ཀྱི་འཇིག་རྟེན་འཕུར་སྐྱོད་བཅས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས་འབྱུང་འགྱུར་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་དུས་རབས་གསར་པའི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།