འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།"ནམ་ཡང་གནས་ཐུབ་པའི"རྒྱ་ཡིག་དགེ་རྒན་གྱི་དཔུང་ཁག 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཀེ་ཕིང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           “བཀའ་འདྲི་ཞུ་རྒྱུར། ཁྱེད་རང་ང་ཚོའི་སློབ་གླིང་གི་དགེ་རྒན་ཡིན་ནམ”
          “ཡིན། ང་སྐད་ཡིག་སློབ་གླིང་གི་དགེ་རྒན་ཡིན”
          “ཁྱེད་ཀྱི་རུས་མིང་གང་ཡིན་ནམ”
          “ངའི་རུས་མིང་ཀྲང་ཡིན”
          “འདི་ནི་ངའི་མིང་བྱང་ཡིན་པས་ང་ཚོ་ངོ་ཤེས་བཏང་ན་འགྲིག་གམ”
          ཝུ་ཀན་ཏའི་མའེ་ཁེ་ལེ་ལེ་སློབ་ཆེན་གྱི་སློབ་ཁྲིད་ས་ཚིགས་ལུའུ་ཡང་ཙི་སློབ་འབྲིང་དུ་སློབ་མ་ཚོས་ཆད་སྟེགས་ཐོག་སློབ་དེབ་གྱེར་འདོན་ལས་ཟློས་བྱེད་བཞིན་འདུག
           འདི་ལོའི་ཟླ་གསུམ་པ་ནས་བཟུང་། ཝུ་ཀན་ཏའི་རྒྱལ་ཡོངས་ས་གནས་ཁག་གི་སློབ་འབྲིང་གི་ན་གཞོན་དགེ་རྒན་35ལུའུ་ཡང་ཙི་སློབ་འབྲིང་དུ་དུས་ཡུན་ཟླ་9ཡི་བཀག་སྡོམ་རྣམ་པའི་གཅིག་སྡུད་གསོ་སྦྱོང་བྱེད་པར་ཡོང་བ་རེད། ལོ་མཇུག་ཏུ་གསོ་སྦྱོང་མཇུག་འགྲིལ་རྗེས་ཁོང་ཚོ་སོ་སོའི་སློབ་གྲྭར་རྒྱ་ཡིག་དགེ་རྒན་བྱེད་ཆོག སློབ་ཁྲིད་རྣམ་པ་གསར་རྐྱང་བེད་སྤྱད་པའི“ཝུ་ཀན་ཏའི་ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་རྣམ་གྲངས”ཀྱིས་མ་འོངས་པར་ཝུ་ཀན་ཏར“ནམ་ཡང་གནས་ཐུབ་པའི”རྒྱ་ཡིག་དགེ་རྒན་གྱི་དཔུང་ཁག་ཅིག་འཇོག་རྒྱུ་རེད།
          ལོ་23ལ་སླེབས་པའི་སློབ་མ་ཤིའར་ཟླ་ནི་རྒྱལ་ས་ཁམ་ཕ་ལའི་བྱང་ངོས་ཀྱི་སྤྱི་ལེ་40ཡི་སར་གནས་པའི་ཨེན་ཅེ་ཅེ་མཐོ་རིམ་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཞིག་ཡིན། “སློབ་གྲྭས་རྒྱ་ཡིག་གསོ་སྦྱོང་དགེ་རྒན་འདེམས་པའི་བརྡ་ཐོ་ཡོངས་བསྒྲགས་བྱེད་སྐབས་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་ཡིན། རྒྱ་ཡིག་ཡག་པོ་སྦྱངས་ན་ངའི་ལས་ཀར་འགྲན་ནུས་པ་དེ་བས་ལྡན་ཐུབ”ཅེས་ཤིའར་ཟླས་བཤད།
           སློབ་མ་ཅ་སི་ཐེ་སི་ནི་ཁམ་ཕ་ལའི་ཤར་ཕྱོགས་ཀྱི་སྤྱི་ལེ་400ལྷག་ཙམ་གྱི་སར་གནས་པའི་ཁམ་པ་ལའི་གསུམ་གཅིག་སློབ་འབྲིང་ནས་ཡོང་བ་དང་སི་ཝ་ཤིས་ལིའི་སྐད་ཡིག་གི་དགེ་རྒན་ཞིག་རེད། “རྒྱ་ཡིག་སྦྱོང་དཀའ་བ་ནི་རྒྱ་ཡིག་འབྲི་རྒྱུ་དང་། སྒྲ་གདངས། ཚིག་གི་སྤྱོད་སྟངས་བཅས་རེད་འདུག ཆོས་ཉིད་ཁག་གཅིག་ཁོང་དུ་ཆུད་རྗེས་རྒྱ་ཡིག་སྦྱོང་འདོད་ཆེ་རུ་འགྲོ་གི་འདུག”ཅེས་ཅ་སི་ཐེ་སིས་བཤད།
          མ་འོངས་པའི་རྒྱ་ཡིག་དགེ་རྒན་དེ་དག་སློབ་གསེང་སྐབས་ཕིང་ཕང་སྤོ་ལོ་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཐོག་མའི་དུས་སུ་སློབ་མ་གཅིག་གི་མ་ཏོག་ཕིང་ཕང་སྤོ་ལོ་རྒྱག་མི་ཤེས་པ་ནས་སློབ་མ་ཉི་ཤུ་ཡིས་རྒྱག་ཤེས་པའི་བར་ཡར་རྒྱས་བྱུང་ཡོད།
          ཨ་ལན་གྱིས་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྒྲིག་ལམ་དང་ཕིང་ཕང་སྤོ་ལོ་རྒྱག་སྟངས་ཤེས་རྗེས་ཕིང་ཕང་སྤོ་ལོའི་སྙིང་སྟོབས་དང་ཀྲུང་གོ་བའི་ནམ་ཡང་ཕམ་མི་འདོད་པའི་སྙིང་སྟོབས་འདྲ་པོ་འདུག“ཀྲུང་གོ་བས་འབྱུང་འགྱུར་ལ་ཡིད་ཆེས་དང་རེ་བས་ཁེངས་པ་བྱེད་པ་དང་མཐའ་མའི་དུས་སུ་མ་སླེབས་བར་ང་རྒྱལ་དང་ལྷོད་གཡེང་མི་བྱེད་པར་དེ་བས་ལས་སླ་པོར་བློས་གཏོང་ཡང་བྱེད་མི་སྲིད”ཅེས་བཤད།
          ཀྲེ་ཅང་དགེ་འོས་སློབ་ཆེན་ནས་ཡོང་བའི་ཆན་མིང་མེ་ནི་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་ཞིག་ཡིན་པ་དང་གཙོ་བོ་རྒྱ་ཡིག་གི་བརྡ་སྤྲོད་དང་ཐ་སྙད་སློབ་ཀྱི་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ཝུ་ཀན་ཏའི་ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་རྣམ་གྲངས”དེ་དང་ཐོག་ཝུ་ཀན་ཏའི་སློབ་གསོ་པུས་རེ་ཞུ་བྱས་པ་དང་ཀྲུང་གོའི་རྒྱལ་ཁབ་རྒྱ་ཡིག་རྒྱལ་སྤྱི་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཝུ་ཀན་ཏའི་སློབ་གསོ་པུའུ་ཡིས་མཉམ་ལས་ཐོག་བཙུགས་པ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་དུས་ཐེངས་གསུམ་དབྱེ་རྒྱུ་དེ་ཡིན། དུས་ཐེངས་རེར་དུས་མཚམས་བཞི་དབྱེ་ནས་སློབ་ཁྲིད་དང་དཔྱད་ཞིབ་བྱ་རྒྱུ་དང་དུས་མཚམས་དང་པོ་དང་གཉིས་པར་རྒྱ་ཡིག་ཕྱོགས་བསྡུས་དང་། ཉན་པ། ཤོད་པ། འབྲི་བ་བཅས་སློབ་ཚན་བཀོད་སྒྲིག་བྱེད་པ་དང་དེ་བཞིན་ཀྲུང་ཧྭའི་ལོ་རྒྱུས་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་བྱ་ངོ་སྤྲོད་བྱེད་པ་དང་དུས་མཚམས་གསུམ་པར་རྒྱ་ཡིག་ཆེད་ལས་ཤེས་བྱ་དང་། སློབ་ཁྲིད་རྩལ་ནུས། སློབ་ཁྲིད་བྱེད་ཐབས་སོགས་ནང་དོན་སྣོན་པ། མཇུག་ཏུ་སློབ་མས་རྒྱ་ཡིག་ཆུ་ཚད་ཀྱི་རིམ་བཞིའི་ཡིག་རྒྱུགས་ལོན་པ་བྱ་རྒྱུ་དེ་རེད། དུས་ཐེངས་གསུམ་གྱི་གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་བྱས་པའི་མི་གྲངས་སྔོན་དཔག་བྱས་ན་100ཟིན་རྒྱུ་རེད།
          མའེ་ཁེ་ལེ་ལེ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཧུང་ཡུང་ཧུང་གིས་ཀྲུང་གོའི་རྒྱལ་ཁབ་རྒྱ་ཡིག་རྒྱལ་སྤྱི་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མའེ་ཁེ་ལེ་ལེ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དུ་ལོ་ལྟར་རྒྱ་ཡིག་དགེ་རྒན་20ལྷག་ཙམ་མངགས་གཏོང་བྱེད་ཀྱི་ཡོད་པའི་ཐོག་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་བསྣན་ཚེ་དགེ་རྒན་20ལྷག་ཙམ་ཁོ་ནས་ཝུ་ཀན་ཏའི་རྒྱལ་ཡོངས་སུ་རྒྱ་ཡིག་སློབ་ཁྲིད་ཁྱབ་གདལ་གཏོང་རྒྱུར་གཏན་ནས་འདང་གི་མེད་ཅེས་བཤད།
          ཧུང་ཡུང་ཧུང་གིས“རྣམ་གྲངས་དེའི་གསོ་སྐྱོང་རྣམ་པའི་གསོ་སྦྱོང་གསར་གཏོད་རྣམ་པ་དེ་རིགས་ཀྱིས་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱ་ཡིག་དགེ་རྒན་དཀོན་པའི་ཞན་ཆ་ནུས་ལྡན་ངང་གསབ་ཆེད། ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་དགེ་རྒན་དཔུང་ཁག་ཅིག་བཏོད་ཡོད”ཅེས་བཤད།
          ཆན་མིང་མེ་ཡིས“སློབ་མ་ཚོས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ལ་བརྩོན་འགྲུས་ཤུགས་ཆེན་བྱས་ཏེ་མི་ཧ་ཅང་མང་པོ་ཞིག་གིས་ཐོ་རེངས་ཆུ་ཚོད་6པ་ནས་ལངས་ཏེ་རང་སྦྱོང་བྱེད་ཀྱི་ཡོད་པ་དང་དགོང་མོ་ཆུ་ཚོད་10པར་སློབ་ཚན་གྲོལ་རྗེས་འཛིན་གྲྭའི་ནང་བསྡད་དེ་མུ་མཐུད་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་བཤད།
          མིག་སྔར། ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དེ་ཁུང་ཙི་སློབ་གླིང་གི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་གཞི་ཁྱོན་དེ་ལྟ་བུའི་བཀག་སྡོམ་རྣམ་པའི་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་གསོ་སྦྱོང་བྱེད་པའི་མའེ་ཁེ་ལེ་ལེ་སློབ་ཆེན་ཁུང་ཙི་སློབ་གླིང་ནི་ཕྱི་རྒྱལ་དུ་ཚོད་ལྟ་བྱེད་པའི་ཁུང་ཙི་སློབ་གླིང་ཐོག་མ་དེ་ཡིན་པ་རེད།
          ཧུང་ཡུང་ཧུང་གིས“ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་གི་བྱེད་སྒོའི་ཁྲོད་སློབ་ཁྲིད་དོ་དམ་དང་སློབ་ཁྲིད་ལག་ལེན་ཤུགས་ཆེར་གཏོང་བ་དང་ས་གནས་དེ་གའི་དགེ་རྒན་གྱི་རྒྱ་སྐད་དང་སློབ་ཁྲིད་ནུས་པ་ཆེ་རུ་བཏང་བ་བརྒྱུད་ཁོང་ཚོ་རྒྱ་ཡིག་དགེ་རྒན་གྱི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་གསོ་སྐྱོང་བྱས་ནས་ཝུ་ཀན་ཏ་བ་དེ་བས་མང་བས་རྒྱ་སྐད་སྦྱོང་བ་དང་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་ཐུབ་རྒྱུར་རོགས་རམ་བྱེད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད”ཅེས་བཤད།
          མའེ་ཁེ་ལེ་ལེ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཝུ་ཀན་ཏ་ཕྱོགས་ཀྱི་ཡོན་ཀྲང་ཨའོ་སི་ཝའར་ཏེ·ཨེན་ཏོ་ལའེ་ལིའར་ཡིས་མའེ་ཁེ་ལེ་ལེ་སློབ་ཆེན་ཁུང་ཙི་སློབ་གླིང་དང་ཝུ་ཀན་ཏ་རྒྱལ་ཁབ་སློབ་ཚན་འཕེལ་རྒྱས་ལྟེ་གནས་ཀྱིས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཝུ་ཀན་ཏའི་སློབ་འབྲིང་དུ་རྒྱ་ཡིག་སློབ་ཁྲིད་ཁྱབ་གདལ་བཏང་ཡོད། “ཝུ་ཀན་ཏའི་ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་རྣམ་གྲངས”ལེགས་གྲུབ་ཟིན་རྗེས་སློབ་གྲྭ་ཁག་100ལ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་རེད་ཅེས་བཤད།
          ཝུ་ཀན་ཏ་རྒྱལ་ཁབ་སློབ་ཁྲིད་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཀེ་ལེ་སི·པ་ཀུའུ་མ་ཡིས“འདི་གའི་ས་གནས་དེ་གའི་དགེ་རྒན་ཚང་མ་ནི་རྒྱ་ཡིག་ཝུ་ཀན་ཏར་ཁྱབ་སྤེལ་གཏོང་བའི‘མེ་སྟག’ཞིག་དང་རྒྱ་ཡིག་སློབ་ཁྲིད་ཝུ་ཀན་ཏར་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་ཤོས་ཤིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།