འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན"གསར་དུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་བརྒྱུད། 2018ལོ་ནས་བཟུང་ལོ་ལྟར་གྱི་ལུགས་རྙིང་ལོའི་སྟོན་མཉམ་དུས་དེ“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ལ་གཏན་འཁེལ་བྱས་པ་རེད།
             ཚེས་21ཉིན་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
            ཧན་ཁྲང་ཧྥུའུ་ཡིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ནི་རྒྱལ་ཁབ་རིམ་པས་ཞིང་པར་བཟོས་པའི་དུས་ཆེན་ཞིག་ཡིན། དུས་ཆེན་དེ་བཟོས་པ་དེས་ཏང་དང་རྒྱལ་ཁབ་ལས་དོན་ཁྲོད་ཀྱི“ཞིང་གསུམ”ལས་དོན་གྱི་གལ་ཆེའི་གནས་བབ་ལ་སྔར་བས་ཤུགས་སྣོན་ཐེབས་ནས་ཞིང་ལས་སྣང་ཆེན་དང་ཞིང་ལས་སྟོབས་ཆེན་གྱི་རྣམ་པ་བཟང་པོ་གཏོད་པ་དང་། ཞིང་ལས་ལ་དགའ་ཞེན་དང་ཞིང་ལས་ལ་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་གཏོང་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།
            ཧན་ཁྲང་ཧྥུའུ་ཡིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”བཙུགས་པ་དེས་ཞིང་པ་དུང་ཕྱུར་མང་པོའི་གཟི་བརྗིད་ཀྱི་བསམ་པ་དང་། བདེ་སྐྱིད་ཚོར་སེམས། ཐོབ་ཚོར་བཅས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད། ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སོ་ནམ་རིག་གནས་དང་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་ཐུབ་ལ་དུས་རབས་གསར་པའི་ཞིང་པ་གསར་པའི་བསམ་པའི་ཉམས་འགྱུར་ཡང་མངོན་ཐུབ་ཅེས་བཤད།
          ཁོང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ནི་ཞིང་པའི་དུས་ཆེན་ཡིན་ལ་སྤྱི་ཚོགས་ཀྱི་ཚོགས་སྤྱི་གཞན་ལ་ཕྱོགས་པའི་དུས་ཆེན་ཞིག་ཀྱང་ཡིན་པས་སྒོ་དབྱེའི་བསམ་ཕྱོགས་ཐོག་ནས་དུས་ཆེན་དེ་གཉེར་ནས་ཞིང་པ་དུང་ཕྱུར་མང་པོས་ལོ་ལེགས་ལ་རྟེན་འབྲེལ་དང་། ལོ་ལེགས་ངོམས་སྟོན། སྤྱི་ཚོགས་ལས་རིགས་ཁག་གིས་ལོ་ལེགས་གླེང་བ། དམངས་ཡོངས་ལོ་ལེགས་མཉམ་སྤྱོད་ནང་ཞུགས་པ། དྲ་ཐོག་ཚོང་དོན་ཐོག་ལོ་ལེགས་འཚོང་རོགས་སོགས་ཁྱད་ཆོས་མི་འདྲ་བའི་བྱེད་སྒོ་སྤེལ་བ་དང་སྦྲགས་ཞིང་ལས་ཀྱི་དགའ་ནེའུ་དུས་ཆེན་དང་། ཞིང་པའི་དགའ་སྤྲོའི་དུས་ཆེན། ལོ་ལེགས་ཀྱི་འབྲས་བུ་ངོམས་སྟོན། རིག་གནས་ཀྱི་གར་སྟེགས་ཆེ་མོ་བཅས་གཉེར་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།