འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སས་ས་བབ་མཐོ་ཚད་སྨི་4300མན་ཆད་ཀྱི"ལྗོན་ཤིང་མེད་པའི་གྲོང་ཚོ"མ་ལྷག་པ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཚེས་18ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་དར་གྱིས་ལྷ་སའི་ས་བབ་མཐོ་ཚད་སྨི་4300མན་ཆད་ཀྱི“ལྗོན་ཤིང་མེད་པའི་གྲོང་ཚོ”4དང“ལྗོན་ཤིང་མེད་པའི་དུད་ཚང”18679རུ་ལྕང་མ་འདེབས་འཛུགས་ཀྱི་ལས་འགན་ཡོངས་ལེགས་སྒྲུབ་བྱས་ནས“ལྗོན་ཤིང་མེད་པའི་ཞྭ་མོ”མེད་པ་བཟོས་པ་རེད།
             མཐིལ་རྟོགས་བསྡོམས་རྩིས་བྱས་པ་བརྒྱུད་ལྷ་སར“ལྗོན་ཤིང་མེད་པའི་གྲོང་ཚོ”20དང“ལྗོན་ཤིང་མེད་པའི་དུད་ཚང”25004ཡོད། 2017ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་སྤེལ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་ཏེ་ཤིང་འཛུགས་ན་འཚམ་པའི་ས་ཁུལ་དུ“མི་རེར་ཆ་སྙོམས་ལྕང་མ་རྐང་5དང་ལྗོན་ཤིང་མེད་པའི་གྲོང་ཚོ་མི་ལྷག་པའི”བླང་བྱ་གཞིར་བཟུང་དམངས་ཡོངས་ཤིང་འཛུགས་ནགས་བཟོར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་བཏོན་ཡོད། འདི་ལོའི་ཟླ་བ་དྲུག་པའི་ཟླ་འགོ་བར་ལྷ་སས་བོད་ནང་ནས་ས་བབ་མཐོ་ཚད་སྨི་4300མན་ཆད་ཀྱི་ས་ཁུལ་དུ“ལྕང་མ་མེད་པའི་ཤང་གྲོང་དང་། ལྗོན་ཤིང་མེད་པའི་གྲོང་ཚོའི་རྩ་འཛུགས། ལྗོན་ཤིང་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད། ལྗོན་ཤིང་འདེབས་མྱོང་མེད་པ”བཅས་གཙང་སེལ་གྱི་ལས་འགན་ཐོག་མར་ལེགས་སྒྲུབ་བྱས་པ་རེད།
             “2018ལོར་ལྷ་ས་གྲོང་ཁྱེར་གྱིས་ཞིང་དུད་ཀྱི་སྒོ་ར་དང་། འགྲོ་ལམ་གྱི་རྒྱུད། གཙང་པོའི་ངོགས་གཉིས། གྲོང་ཚོའི་མཐའ་འཁོར་བཅས་ཀྱི་སྔོ་འགྱུར་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ནགས་བཟོ་མུའུ་69169བྱས་པ་དང་རི་རྒྱ་ནགས་གསོ་མུའུ་11300བྱས་ཡོད། དེའི་ཁྲོད‘གཙང་སེལ་ལྔ’བྱས་ནས་ནགས་བཟོ་ཁྱོན་བསྡོམས་མུའུ་22121.6བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནགས་བཟོ་ཁོའོ་ཡི་ཁོའོ་ཀྲང་ཏུའུ་ཞའོ་ཅོན་གྱིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།