འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དྲ་བ་བསྒྱུར་བཀོད་རིམ་སྤོར་ལས་གྲྭ་སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
               མི་དམངས་དྲ་བའི་འཕྲིན། 2018ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དྲ་བ་བསྒྱུར་བཀོད་རིམ་སྤོར་ལས་གྲྭ་ཉེ་ཆར་ཞིང་ཆེན་ཡོངས་སུ་སྐྲུན་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བསྒྱུར་བཀོད་རིམ་སྤོར་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.64བཏང་བ་དང་ཁྱོན་རྣམ་གྲངས་614བསྒྱུར་བཀོད་རིམ་སྤོར་བྱ་རྒྱུ་རེད། ལས་གྲྭ་དེས་རྒྱལ་ཁབ་ཀྱིས་གཙོ་གནད་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པའི“ཁུལ་གསུམ་དང་ཀྲོའུ་གཉིས”ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་དང་ཆབས་ཅིག གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་བྱས་ཏེ་གློག་ཤུགས་འཛུགས་སྐྲུན་ལ་བརྟེན་ནས་ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱ་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། “ཁུལ་གསུམ་དང་ཀྲོའུ་གཉིས”ཀྱི་ཁུལ་གསུམ་ནི་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་བོད་རིགས་ས་ཁུལ་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་གསུམ་དང་ཀྲོའུ་གཅིག་བཅས་ཡིན་པ་དང་ཀྲོའུ་གཉིས་ནི་སི་ཁྲོན་ལེའང་ཧྲན་ཀྲོའུ་དང་ཀན་སུའུ་ལིན་ཞ་ཀྲོའུ་རེད། ཤིན་ཏུ་དབུལ་པོའི་རྫོང་དང་གྲོང་ཚོ་དེ་དག་ལ་རང་བྱུང་ཆ་རྐྱེན་དང་ས་བབ་གནས་ཡུལ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པ་ལས་གློག་དྲ་འཕེལ་རྒྱས་ཀྱི་ཆུ་ཚད་ཆ་སྙོམས་ཆུ་ཚད་ལས་དམའ་བ་དང་། གློག་འདོན་ནུས་པ་དང་། དྲ་སྒྲོམ་གྱི་གྲུབ་ཆ། སྒྲིག་ཆས་ཀྱི་ཆུ་ཚད། གློག་འདོན་སྤུས་ཚད་སོགས་ཀྱི་ཐད་ཞན་ཆ་དང་ཉམས་ཞན་གྱི་ལྷུ་ཚིགས་སྔར་བཞིན་གནས་ཡོད། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་རྣམ་གྲངས་དེ་གཙོ་བོ་མཚོ་ལྷོ་དང་། མགོ་ལོག ཡུལ་ཤུལ་སོགས་བོད་རིགས་རང་སྐྱོང་ཀྲོའུ་3དུ་བསྡུས་ཡོད་པ་དང་ཨར་ལས་ལ་གྲང་ངར་ཆེ་བ་དང་། ས་བབ་མཐོ་བ། གསོ་རླུང་མི་འདང་བ་སོགས་ཀྱི་འགྲན་སློང་ཕོག་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། བདེ་འཇགས་འགན་ལེན་ལས་འགན་ལྕི་བ་བཅས་ཡོད།
            དམངས་འཚོའི་ལས་གྲྭ་གཙོ་བོ་ཞིག་གི་ངོས་ནས་2016ལོ་དང་2017ལོར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་གྲོང་གསེབ་གློག་དྲ་བསྒྱུར་བཀོད་རིམ་སྤོར་གྱི“ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ”ཁྲོད་ཁག་ཐེངས་ཕྱེ་ནས་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོར་གློག་བཀོད་སྒྲིག་དྲ་བ་བསྒྱུར་བཀོད་དང་གྲོང་ཚོ་ཚང་མར་ཁྱབ་པའི་སྒུལ་ཤུགས་གློག་གི་ལས་གྲྭ་ལག་བསྟར་བྱས་པས་ལྟེ་བའི་གྲོང་ཚོ་555དང་གྲོང་ཚོ་ཚང་མར་ཁྱབ་པའི་སྒུལ་ཤུགས་གློག་གི་གྲོང་སྡེ་326ཡི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཟིན་ཡོད་པ་རེད།
           2017ལོར་རེས་འཁོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་ལས་གྲྭར་བརྟེན་ནས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་12.36བཏང་ནས་རྣམ་གྲངས་281གི་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་བའི་ནང་དབུལ་སྒྲོལ་གྲོང་ཚོའི་གློག་དྲ་བསྒྱུར་བཀོད་དང་དེ་བཞིན་བཀོད་སྒྲིག་བྱ་ཡུལ་དུ་གློག་གཏོང་བའི་ལས་གྲྭའི་རྣམ་གྲངས་ཁྱོན་154ལ་མ་དངུལ་སྒོར་དུང་ཕྱུར་3.7བཏང་བས། བོད་རིགས་ས་ཁུལ་དུ་གློག་དྲས་གློག་གཏོང་བའི་ནུས་པ་ཆེ་རུ་དང་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།
            ལས་གྲྭ་དེ་ཟླ་11ཚེས་30ཉིན་གོང་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ས་གནས་སྲིད་གཞུང་གི་དབུལ་སྐྱོར་བྱེད་ཐབས་དང་འབྲེལ་མཐུད་དམ་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ་དང་གློག་དྲ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཆབས་ཅིག གློག་བཀོད་སྒྲིག་གི་དྲ་བ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་བསྒྱུར་བཀོད་གསར་གཏོད་བྱེད་སྒོ་དང་། ལས་གྲྭ་ཡག་ཤོས་བརྒྱ་འདེམས་པ། གློག་བཀོད་སྒྲིག་གི་གློག་གཏོང་ལས་གྲྭ་ཅན་སྔོན་བཟོ་སོགས་ལས་དོན་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་གློག་མཁོ་འདོན་བྱེད་པའི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།