འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འདབ་ཆགས་སྲུང་སྐྱོང་བྱ་སྤྱོད་ལས"གློག་ཤུགས་མཁའ་ལམ"དུ་མི་དང་འདབ་ཆགས་ཞི་མཐུན་བདེ་འཇགས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། གློག་ཤུགས་སྡེ་ཚན་གྱིས་ཉེ་བའི་ལོ་ཤས་རིང་མི་བཟོས་བྱིའུ་ཚང་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། སྲོལ་རྒྱུན་གྱི་འདབ་ཆགས་འདེད་པ་དང་འགོག་པ་དེ་འདབ་ཆགས་ཚུར་འདྲེན་དང་སྲུང་སྐྱོང་བྱེད་པར་འགྱུར་ལྡོག་བཏང་ནས་མཚོ་བོད་ས་མཐོའི་མི་དང་འདབ་ཆགས་ཞི་མཐུན་མཉམ་གནས་ཐུབ་ཐབས་བྱས་པ་རེད།
              རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིབ་བཤེར་བཟོ་བཅོས་ཀུང་སིའི“གློག་ཤུགས་མཁའ་ལམ”འཁོར་རྒྱུག་ཉམས་བཟོ་པན་གྱི་པན་ཀྲང་ཝང་ཧུའེ་ཡིས་དྲ་སྦྲེལ་འདུ་འགོད་ལམ་རྒྱུད་མང་ཆེ་བ་ས་མཐོའི་སྤང་ས་ཡིན་པ་དང་དེར་སྡོང་རིང་ལྗོན་ཤིང་རིགས་ཀྱི་རྩི་ཤིང་སྤྱིའི་ཆ་ནས་མེད་པས་ས་ངོས་ལས་མཐོ་ཤོས་སུ་གྱུར་པའི་གློག་འདྲེན་ལྕགས་སྒྲོམ་དེ་འདབ་ཆགས་ངལ་གསོ་ས་དང་ཚང་རྒྱག་ཡུལ་གཙོ་བོར་གྱུར་ཡོད་ཅེས་བཤད།
             ལས་དོན་མི་སྣས་ལྟ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། འདབ་ཆགས་ཁག་གཅིག་ལ་མཐོ་གནོན་གློག་འཁྱུད་ནས་རྨས་སྐྱོན་ཕོག་པའམ་ཡང་ན་ཤི་བ་དང་། གློག་སྐུད་ཀྱང་འདབ་ཆགས་མང་པོ་བབས་པའི་རྐྱེན་གྱིས་གློག་ཡང་ཡང་ཆད་ནས་ས་མཐོའི་གློག་དྲ་བརྟན་པོའི་ངང་འཁོར་རྒྱུག་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་བཟོ་ཡི་ཡོད་པ་རེད།
             ཉེ་བའི་ལོ་ཤས་རིང་གློག་ཤུགས་སྡེ་ཚན་གྱིས་ཕྱོགས་གཅིག་ནས་འདབ་ཆགས་འགོག་པའི་ཁབ་གདང་ལེགས་སུ་གཏོང་བ་དང་གློག་སྐུད་སྒྲིག་ཆས་ཀྱི་གློག་རྒྱུན་གཅོད་པའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་འདབ་ཆགས་གློག་འདྲེན་ལྕགས་སྒྲོམ་གྱི་བདེ་འཇགས་ས་ཁོངས་སུ་ཚང་བཟོ་བར་སྣེ་ཁྲིད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འདབ་ཆགས་འཚོ་སྡོད་མང་བའི་གློག་སྐུད་ལ་ལྕགས་སྒྲོམ་དང་མི་བཟོས་བྱིའུ་ཚང་བཟོས་ཡོད། 2015ལོ་ཚུན་རིམ་རྩིས་བརྒྱབ་ན་མི་བཟོས་བྱིའུ་ཚང་86བཟོས་པ་དང་འདི་ལོ་སྔོན་དཔག་བྱས་ན་བྱིའུ་ཚང་50གསར་དུ་བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།