འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འབྲི་གཡག་ཐོན་ལས་མནའ་འབྲེལ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱི་འབྲི་གཡག་ཐོན་ལས་མནའ་འབྲེལ་ཟི་ལིང་དུ་བཙུགས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་འབྲི་གཡག་ཐོན་ལས་མ་ལག་གི་རྒྱ་སྟོབས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། ཞིང་ཆེན་ཡོངས་ཀྱིས་སྤུས་ཚད་མཐོ་པོའི་སྒོ་ནས་འབྲོག་ལས་དར་རྒྱས་གཏོང་བ་དང་སྤུས་རྟགས་ལ་བརྟེན་ནས་འབྲོག་ལས་སྟོབས་ཆེར་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་དེ་བས་རེད། དེས་མཚོ་སྔོན་གྱི་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་། ཐོན་ལས་དར་རྒྱས་གཏོང་རྒྱུ། ཞིང་འབྲོག་པར་འབབ་འཕར་གཏོད་རྒྱུ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་འབྲི་གཡག་ཐོན་ལས་མནའ་འབྲེལ་དེ་ཚན་ཞིབ་སློབ་ཁྲིད་རྒྱུད་སྤེལ་ཚན་པ་3དང་། ལག་རྩལ་བློ་འདྲིའི་ཞབས་ཞུ་ཚན་པ་5 ཡིད་རྟོན་དངུལ་བུན་ཁག་ཐེག་ཀུང་སི་1 ཞིང་འབྲོག་ལས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་17 མཉམ་ལས་ཁང་10 ཞབས་ཞུའི་ཁེ་ལས་4བཅས་ལས་གྲུབ་ཡོད། དེའི་ནང་མཚོ་སྔོན་དུ་ད་བར་འབྲི་གཡག་ཐོན་ལས་ཀྱི་ཚན་ཞིབ་དང་། སློབ་ཁྲིད། ཁྱབ་གདལ། གསོ་ཚགས། ཐོན་སྐྱེད། ལས་སྣོན་བཅས་ཀྱི་ལས་ལ་གཞོལ་མཁན་འབྲེལ་ཡོད་ཚན་པ་དང་། མཉམ་ལས་ཁང་། དངུལ་རྩ། བྲིན་ཚོང་བཅས་སྡེ་ཚན་ཚུད་ཡོད། དེ་དང་ཆབས་ཅིག་ལས་བགོས་མཉམ་སྒྲུབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་གཞི་རྟེན་དུ་བྱེད་པ། ཁེ་ཕན་འབྲེལ་མཐུད་སྒྲོག་ཐག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲི་གཡག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།