འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཤེ་ཀྲེན་ཡེས་སྐྱེས་པའི་སྨི་100ཡི་ཐུང་རྒྱུག་གི་རྒྱལ་ཡོངས་ཟིན་ཐོ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཚེས་20ཉིན་གྱི་ཐོ་རེངས་སུ་མི་སེམས་འགུལ་བའི་གནས་ཚུལ་ཞིག་ཐག་རིང་གི་ཡོ་རོབ་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ར་ནས་ཁྱབ་པ་སྟེ། ཧྥ་རན་སེའི་མོང་ཐེ་ལེ་དབྱིར་གཉེར་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེར་སོན་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཤེ་ཀྲེན་ཡེས་ཀྱིས་སྐར་ཆ་9དང་97གྱི་ཧང་སངས་བའི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི་100ཡི་ཐུང་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་ཆབས་ཅིག་2015ལོའི་ཐུང་རྒྱུག་ལུས་རྩལ་པ་གྲགས་ཅན་སུའུ་པིང་ཐན་གྱིས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕ་ལམ་རིམ་མཚུངས་མཉམ་འགྲན་ཨ་རིའི་ཡེའུ་ཅིན་ས་ཚིགས་ཐོག་བཏོད་པའི་སྐར་ཆ་9དང་99ཡི་རྒྱལ་ཡོངས་ཟིན་ཐོ་ལས་བརྒལ་བ་རེད། ལོ་24ལ་སླེབས་པའི་ཀྲེ་ཅང་གི་བདམས་ཐོན་པ་དེས་སུའུ་པིང་ཐན་རྗེས་སྨི་100ཡི་ཐུང་རྒྱུག་སྐར་ཆ་10ཡི་འགག་སྒོ་ཆེན་པོ་ནས་སྒྲོལ་ཐུབ་པའི་ཀྲུང་གོའི་ལུས་རྩལ་པ་ཨང་གཉིས་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།