འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གཉིས་པའི་རྒྱལ་ཡོངས་དྲ་རྒྱའི་སྨྱན་སྦྱོར་ལྷ་སར་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྐབས་གཉིས་པའི་རྒྱལ་ཡོངས་དྲ་རྒྱའི་སྨྱན་སྦྱོར་ལྷ་སར་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན།  ཟླ་6ཚེས་20ཉིན་གྱི་སྔ་དྲོར། “མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས།”ཞེས་པའི་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་དྲ་རྒྱའི་སྨྱན་སྦྱོར་ལྷ་སར་སྐྱོད་ཅེས་པ་ལྷ་སར་སྤེལ་ཡོད།  རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དྲ་རྒྱའི་སྨྱན་སྦྱོར་28དང་། གསར་འགོད་པ་དང་རྩོམ་སྒྲིག་པ་30ལྷག་ཙམ་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་། གཞི་རིམ་ཏང་འཛུགས་སྐྱོང་། རིག་གནས་དང་ཡུལ་སྐོར། གྲོང་གསེབ་དར་རྒྱས་འཐབ་ཇུས། བསམ་པའི་དཔལ་ཡོན་འཛུགས་སྐྲུན། ས་གཙང་འབྱུང་འཕྲོད་ཐོན་ལས། གླིང་ཁུལ་དཔལ་འབྱོར་འཕེལ་རྒྱས་སོགས་ལ་དམིགས་ཏེ།  སྡེ་ཁུལ་དང་གྲོང་གསེབ། ཁེ་ལས་སོགས་སུ་བཅར་འདྲི་བྱེད་པར་སྐྱོད་ཡོད་པ་རེད།
            འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཞའོ་ཀྲི་ཀང་གིས། རེ་བར་དྲ་རྒྱའི་སྨྱན་སྦྱོར་དང་སྲོལ་རྒྱུན་སྨྱན་སྦྱོར་མཉམ་འགུལ་ངང་གནས་ཚུལ་སྤེལ་བ་བརྒྱུད་ལྷ་སའི་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་ནས་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་ལྷ་སའི་ལེའུ་རྩོམ་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།