འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་
    ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཨ་རིའི་དཔོན་རིགས་ཀྱིས་ཚེས་19ཉིན། ཨ་རི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
            མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨ་རིའི་འཐུས་མི་ཧའེ་ལི་ཡིས་གོང་ཚེས་ཉིན་གྱི་ཕྱི་དྲོར་ཨ་རིའི་རྒྱལ་དོན་ཁང་དུ་སྨྱན་སྦྱོར་ལ་གཏན་འབེབས་དེ་ཡོངས་བསྒྲགས་བྱས་པ་དང་།  ཨ་རི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་ལ"ཕྱོགས་རིས་ཀྱི་ལྟ་ཚུལ"འཛིན་པ་དང"འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ནུས་ལྡན་བྱེད་ཐབས་བྲལ"ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད།

      

    ཕྱོགས་བསྡུས་གསར་འགྱུར།