འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གྲོ་ཞིང་བཅུ་ཆ་བརྒྱད་བརྔ་བསྡུ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གཞིར་བཟུང་། ཟླ་6ཚེས་13ཉིན་བར་རྒྱལ་ཡོངས་སུ་གྲོ་ཞིང་མུའུ་དུང་ཕྱུར་2.78བརྔ་བསྡུ་བྱས་ཟིན་ནས་བརྔ་བསྡུ་བྱེད་ཚད་བཅུ་ཆ་བརྒྱད་ཟིན་ཡོད་པ་རེད། དེའི་ནང་འཕྲུལ་ཆས་ཀྱིས་ལོ་ཏོག་བརྔ་བསྡུ་བྱེད་ཁྱོན་མུའུ་དུང་ཕྱུར་2.65ཟིན་ནས་འཕྲུལ་བསྡུའི་བསྡུར་ཚད་95.5%ཟིན་ཡོད་པ་རེད།
           ཉིན་ཤས་རིང་གྲོ་ཐོན་ས་གཙོ་བོའི་ཞིང་ཆེན་གྱི་གནམ་གཤིས་སྤྱིར་ན་ཡག་པོ་ཡོད་པ་དང་། ནུས་ཆེའི་འཕྲུལ་ཆས་འདང་ངེས་སྤྱད་པ་དང་། སྒྲིག་འཛུགས་བཀོད་གཏོང་ནུས་ལྡན་དང་གོ་རིམ་ལྡན་པ་བྱུང་ནས་རྒྱལ་ཡོངས་སུ་ཉིན་9བསྟུད་མར་འཕྲུལ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་1500ལྷག་ཙམ་ཟིན་ཡོད། དེའི་ནང་ཉིན་5ལ་འཕྲུལ་བསྡུ་བྱེད་ཚད་མུའུ་ཁྲི་2000ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི“དབྱར་ཟླ་གསུམ”གྱི་ནང་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་སྒྲོལ་བའི་འཕྲུལ་བསྡུ་བྱེད་ཚད་བཅུ་ཆ་བརྒྱད་ཟིན་པ་དང་། དུས་ཚོད་ཉིན་17ལས་སྤྱད་མེད་པས་ན་ནིང་གི་དུས་མཚུངས་ལས་ཉིན་1ཐུང་དུ་ཕྱིན་ཡོད་པ་རེད། མིག་སྔར། སི་ཁྲོན་དང་། ཧུའུ་པེ། ཨན་ཧུའེ། ཧོ་ནན་བཅས་སུ་གྲོ་འཕྲུལ་བསྡུ་བྱེད་ཚད་སྤྱིར་མཇུག་སྒྲིལ་བ་དང་། ཧྲའན་ཤིས་དང་ཅང་སུའུ་རུ་བརྔ་བསྡུ་བྱེད་ཚད་བཅུ་ཆ་དགུ་ཟིན་པ། ཧྲན་ཏུང་དུ་བཅུ་ཆ་བརྒྱད་ཟིན་པ། ཧོ་པེ་དང་ཧྲན་ཤིས་སུ་བཅུ་ཆ་དྲུག་ཟིན་པ། ཐེན་ཅིན་དུ་གྲོ་བརྔ་བསྡུ་བྱེད་འགོ་ཚུགས་ཤིང་། གྲོ་འཕྲུལ་བསྡུ་བྱེད་ས་གཙོ་བོ་ཅང་ཧོའེ་དང་ཧོང་ཧོའེ་ས་ཁུལ་ནས་ཀྲུང་ཧྭ་བྱང་རྒྱུད་ཀླུང་ཐང་དུ་བསྒྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།