འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་བོད་གློག་དངོས་སུ་ཕྱིར་གཏོང་བྱེད་འགོ་ཚུགས་པ། 

    དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་ཕན་པ་ཐོབ་རྒྱུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཚེས་16ཉིན་གྱི་དགོང་མོའི་ཆུ་ཚོད་21སྐབས། མཚོ་བོད་ཐད་རྒྱུག་ལོ་བཤེར་ལས་དོན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་བ་དང་སྦྲགས་2018ལོའི་ལོ་འཁོར་གྱི་བོད་གློག་དངོས་སུ་ཕྱིར་གཏོང་བྱེད་འགོ་ཚུགས་པ་མཚོན་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་གློག་ཕྱིར་གཏོང་བྱེད་ཚད་སྔོན་རྩིས་བྱས་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལས་བརྒལ་རྒྱུ་ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་8%འཕར་རྒྱུ་རེད། འདི་ནི་2015ལོར་བོད་གློག་ཕྱིར་གཏོང་བྱས་པ་ནས་བཟུང་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལས་བརྒལ་ཐེངས་དང་པོ་དེ་ཡིན། འདི་ལོ་གློག་ཕྱིར་གཏོང་གི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་དང་། བོད་ཀྱི་གློག་དྲ་ཉམས་ཞན་དང་གློག་ཁུངས་གྲུབ་ཆ་རྐྱང་པ། ཆུ་གློག་གིས་གཙོ་བོ་བྱེད་པའི་དྭངས་གཙང་ནུས་རྒྱུ“འབེལ་ལ་སྤྱོད་མི་ཤེས་པའི”ཁྱད་ཆོས་མངོན་གསལ་དོད་པོ་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྔ་སྣུར་དུ་གློག་དྲའི་འཁོར་རྒྱུག་བྱེད་སྟངས་སྙོམ་སྒྲིག་དང་འཆར་འགོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གློག་དྲའི་སྒྲིག་ཆས་གསར་པ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཞིབ་བཤེར་བཟོ་བཅོས་ཀྱི་ལས་དོན་བཀོད་སྒྲིག གློག་དྲའི་གློག་ཁུངས་གཙོ་བོ་དང་གློག་སྐྱེལ་གཏོང་གི་བརྒྱུད་ལམ་གལ་ཆེན་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བཅས་བྱས་ནས་བོད་གློག་ཕྱིར་གཏོང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།
           གྲངས་གཞི་ལས་མངོན་དོན། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། བོད་ཀྱི་ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་ལྷག་དོན་དུ་དྭངས་གཙང་གློག་ཁུངས་གོང་འཕེལ་འགྲོ་ཤུགས་མྱུར་ལ་ཤུགས་དྲག་ཆེ་བ་ཞིག་ཡོད། 2017ལོའི་ལོ་མཇུག་བར་བོད་ཀྱི་ཆུ་གློག་དང་འོད་ཤུགས་སོགས་དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ཆུ་ཚོད་ཆན་ཝ་ཁྲི་257ཟིན་པ་དེས་སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ཀྱི་89%བཟུང་ནས་དུས་མཚུངས་ལས་32%འཕར་ཡོད། ཆར་ཆུ་འབེལ་བའི་དུས་ཀྱི་གློག་ཤུགས་བསྡུ་ཉར་གཙང་སེལ་གྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དེས་བོད་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་མ་ཐེབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དུ་གྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།