འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོན་མདོག་སྣ་ལྔའི་སྐུད་པས་བསྡམས་པའི་ལོ་སྒྲིལ་འབྲས་ཆན། 

    མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཆིང་ཆོན་སྡེ་ཁུལ་གྱི་ལས་དོན་མི་སྣས་ཞོགས་པ་སྔ་པོ་ནས་རྒན་རྒོན་གྱི་བྱེད་སྒོ་ཁང་དུ་ཡོང་ནས་ཐབ་ལ་མེ་བཏང་སྟེ་འབྲས་ཆང་བཙོས་པ་རེད། ཆིང་ཆོན་ཁྲོམ་གཞུང་གི་སྡེ་ཁུལ་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་དཔེ་མཚོན་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་ཡུལ་མིའི་ཁུལ་ཞིག་ཡིན་པ་དང་། སྡེ་ཁུལ་གྱི་ཡུལ་མིར་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ལོ་སྒྲིལ་འབྲས་ཆན་སྒྲིལ་བའི་སྤྲོ་བ་ཉམས་ལེན་བྱ་ཆེད་སྡེ་ཁུལ་གྱིས་ཉིན་གསུམ་གྱི་སྔ་སྣུར་དུ་དངོས་རྫས་དག་གྲ་སྒྲིག་ཚགས་ཚུད་བྱས་ཡོད་པ་རེད།
           ཞོགས་པའི་ཆུ་ཚོད་9པ་ཡོལ་ཙམ་ལ་ཆིང་ཆོན་སྡེ་ཁུལ་གྱི་རིག་གནས་ཐང་ཆེན་གྱི་གསོལ་ཅོག་ཐོག་ལོ་སྒྲིལ་འབྲས་ཆན་རེ་རེ་བཞིན་སྒྲིག་ཡོད། སྡེ་ཁུལ་གྱི་གྲོང་མི་བཅུ་ལྷག་ཙམ་གསོལ་ཅོག་གི་གཞོགས་གཉིས་སུ་ལངས་ནས་ལོ་སྒྲིལ་འབྲས་ཆང་གང་འདྲ་བྱས་ནས་བཟོ་དགོས་མིན་གླེང་མོལ་བྱེད་བཞིན་ཡོད། སྐབས་དེ་དུས་རིག་གནས་ཐང་ཆེན་གྱི་ནུབ་ངོས་ཀྱི་ཏང་འཛུགས་སྐྱོང་གི་བར་ཁྱམས་རིང་མོའི་ཕྱི་ངོས་སུ་བྱེད་སྒོར་ཞུགས་པར་ཡོང་བའི་ཡུལ་མིས་འབྲུ་རིགས་སྣ་ལྔ་བླུགས་པའི་འཚེམ་དྲུབ་བརྒྱབ་པའི་དེ་ཕོ་ཆུང་ཆུང་ཤིང་གི་རྩེར་བཀོན་པ་དང་། ཚོན་མདོག་སྣ་ལྔའི་སྐུད་པ་ལག་པར་བཏགས་ནས་བདེ་སྐྱིད་ལྡན་པའི་ཉིན་མོ་དེ་རེ་སྒུག་བྱེད་བཞིན་ཡོད།
           ཆིང་ཆོན་ཁྲོམ་གཞུང་སྡེ་ཁུལ་ནང་སོག་རིགས་དང་། ཧུད་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས་སོགས་གྲངས་ཉུང་མི་རིགས་9ཡོད་པ་དང་། ད་ཆ་གྲོང་མིའི་དུད་ཚང་2732ཡོད་པ་དང་། གྲོང་པ་ཁྱིམ་མཚེས་8800ལྷག་ཙམ་ནང་མང་ཆེ་བ་གྲངས་ཉུང་མི་རིགས་ཡིན་པ་རེད། སྡེ་ཁུལ་ནང་མི་རིགས་ཁག་མང་པོ་ཡོད་མོད། འོན་ཀྱང་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་གྲོང་པ་ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་པ་དང་ཕན་ཚུན་དབར་གྱི་འགལ་ཟླ་ཉུང་དུ་སོང་ནས་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ་པོ་ཡོད། 
           “ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ལོ་སྒྲིལ་འབྲས་ཆན་སྒྲིལ་བ་དང་། དང་པོའི་བཅོ་ལྔའི་དུས་ཆེན་ལ་ཐང་ཡོན་བཟོ་བ། གནམ་ལོ་གསར་ཚེས་ལ་ཅའོ་ཙེ་བཟོ་བ་སོགས་ཀྱི་བྱེད་སྒོ་མི་རིགས་མང་བའི་སྡེ་ཁུལ་ནང་ཚ་ཚ་འུར་འུར་ངང་སྤེལ་གྱི་ཡོད་པར་བརྟེན་དེ་བས་མཐུན་སྒྲིལ་ཟབ་ཏུ་འགྲོ་གི་ཡོད”ཅེས་སྡེ་ཁུལ་ནང་གི་ལོ་71ལ་སླེབས་པའི་ཧུད་རིགས་ཀྱི་རྒན་རྒོན་ཅིང་ཞིའུ་མའེ་ཡིས་བརྗོད་པ་དང་། ཁོང་གིས་ད་དུང“ཐག་རིང་གི་གཉེན་ལས་གྲོང་པའི་ཁྱིམ་མཚེས་དགའ་ཞེས་པའི་དཔེ་ལྟར་ཚང་མ་མཉམ་དུ་འཛོམས་ནས་སྲོལ་རྒྱུན་གྱི་ཞིམ་ཟས་གང་འདྲ་བྱས་ནས་བཟོ་དགོས་མིན་གླེང་མོལ་བྱེད་པ་དང་། ཅི་འཕྲོས་མོལ་འཕྲོས་བྱེད་ཀྱིན་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།