འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྩྭ་ར་མུའུ་ཁྲི་གཅིག་ཟིན་པའི་ལྕགས་དྲ་བཤིག་ནས་གཙོད་གནས་སྤོར་ལམ་བུ་བཤངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་རྩྭ་ར་མུའུ་ཁྲི་གཅིག་ཟིན་པའི་ལྕགས་དྲ་བཤིག་ནས་གཙོད་གནས་སྤོར་ལམ་བུ་བཤངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་གྱི་ཞོགས་པ་སྔ་པོར། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་ལོ་72ལ་སླེབས་པའི་ཚེ་སྐྱིད་སྒྲོལ་དཀར་དགའ་ཉེ་སྤུན་མཆེད་ཀྱི་རོགས་རམ་འོག་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་མི་རབས་རིམ་བརྒྱུད་འཚོ་བ་སྐྱེལ་སའི་རྩྭ་ར་ནས་ཁ་གྱེས་ཏེ་ལྷོ་ཕྱོགས་ཀྱི་སྤྱི་ལེ་800ལྷག་ཙམ་གྱི་སར་གནས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་སུ་སྤོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། “ཤང་དེ་ཡོངས་ཀྱི་དུད་ཚང་262ཀྱི་འབྲོག་པ་1102ཚང་མ་སྤོས་རྗེས་དེ་གའི་རྩྭ་ར་མུའུ་ཁྲི་གཅིག་ཟིན་པའི་ལྕགས་དྲ་ཚང་མ་བཤིག་སྟེ་སྔར་བཞིན་རང་བྱུང་ཁམས་ཀྱི་རྣམ་པར་འགྱུར་བ་བྱ་རྒྱུ་རེད”ཅེས་ཉི་མ་རྫོང་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་ཆེན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས།
           བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་པ་དེ་ནི་མིག་སྔར་ཀྲུང་གོའི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད། ཆ་སྙོམས་ས་བབ་སྨི་5000ཡན་ཡོད་པའི་རོང་དམར་ཤང་བྱང་ཐང་ས་མཐོའི་མཚེའུ་ཆེན་པོའི་གཤོངས་སའི་རྒྱུད་དུ་གནས་པ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་ཁུལ་གྱི་ཁོངས་སུ་གཏོགས་པ་དེ་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་གནས་སྤོ་བྱེད་སའི་ས་ཁོངས་གལ་ཆེན་ཞིག་རེད། ད་ཐེངས་གནས་སྤོ་བྱས་པ་ལས་འབྲོག་དུད་མི་ཉུང་བ་ཞིག་གི་ཁྱིམ་ཚང་གཙོད་ཕྲུག་སྐྱེ་ས་དང་གནས་སྤོ་བྱེད་ས་དང་ཐག་ཧ་ཅང་ཉེ་རུ་ཕྱིན་པ་དེས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུར་ཕན་པ་མེད་པ་དང་ཆབས་ཅིག་འབྲོག་པ་ལས་ཞུགས་ཐུབ་པ་དང་། ན་ཚ་བལྟ་བ། ཕྲུ་གུ་སློབ་གྲྭར་སྐྱོད་པ་སོཌ་ཚང་མར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱིས་དེ་གར་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ཐོག་མ་དེ་ལག་བསྟར་བྱེད་འགོ་བཙུགས་པ་རེད།
          མི་ལྷོ་རུ་སྤོ། ལུག་བྱང་དུ་འཚོ་ཞེས་པ་དེའང་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་དང་དུ་ལེན་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་བཀྲ་རྡོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རོང་དམར་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་བྱས་པ་ལས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་སྤྱི་ཆིང་ཁྲི་467.1སྐྱས་སྤོས་རྩ་གསོ་ཐུབ་ནས་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནས་སྤོའི་ལམ་ཐིག་དང་དེ་བས་ཆེ་བའི་འཚོ་གནས་བར་མཐོངས་ཐོབ་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད་རང་བྱུང་ཁམས་ལ་ལྷིང་འཇགས་དང་། ཞི་མཐུན། མཛེས་སྡུག་བཅས་བསྐྲུན་ཐུབ་རྒྱུ་རེད། 
    【1】  【2】  【3】  【4】
    ༄༅།།བོད་ལྗོངས་ཀྱིས་རྩྭ་ར་མུའུ་ཁྲི་གཅིག་ཟིན་པའི་ལྕགས་དྲ་བཤིག་ནས་གཙོད་གནས་སྤོར་ལམ་བུ་བཤངས་པ།
      

    ཕྱོགས་བསྡུས་གསར་འགྱུར།