འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྤྱི་ལེ་ངོས་གྲུ་གཅིག་ཡན་གྱི་མཚོ་ལ་འདི་ལོའི་ནང་ཚུན་དུ་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། 《མཚོ་སྔོན་ཞིང་ཆེན་གྱིས་མཚོ་དཔོན་ལམ་ལུགས་ལག་བསྟར་གྱི་ལས་ཀའི་ཇུས་གཞི་》བཀྲམ་སྟེ་ཞིང་ཆེན་དེས་འདི་ལོའི་ནང་ཚུན་དུ་ལོ་འཁོར་མོར་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ལྷག་ཙམ་ཟིན་པའི་རང་བྱུང་མཚོ་ལ་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་ནས་གཙང་གསུམ་ཆུ་འགོའི་ཆུ་རྒྱུན་དྭངས་གཙང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
           ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་མཚོ་དཔོན་ལམ་ལུགས་ལག་བསྟར་གྱི་ལས་ཀའི་ཇུས་གཞི་》བཀྲམ་ནས་2018ལོའི་ལོ་མཇུག་གོང་ལོ་འཁོར་མོར་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ལྷག་ཙམ་ཟིན་པའི་རང་བྱུང་མཚོ་དང་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་10ལྷག་གཤོངས་བའི་ཆུ་མཛོད་དུ་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་ཏེ་ཞིང་ཆེན་དང་། ཀྲོའུ། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་མཚོ་དཔོན་མ་ལག་བཙུགས་ནས་དྲ་མིག་ཅན་གྱི་གཏོགས་ཁོངས་དོ་དམ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་། ཞིང་ཆེན་དེས་མཚོ་ཁོངས་དོ་དམ་ཚོད་འཛིན་སྔར་བས་བྱེད་ནན་དུ་བཏང་སྟེ་མཚོའི་ཐོན་ཁུངས་སྲུང་སྐྱོང་དང་ཆུའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། མཚོའི་སྣོད་བཅུད་བཅོས་སྒྲིག་དང་ཉམས་གསོའི་ལས་དོན་སྤེལ་བ། “མཚེའུ་རེ་ལ་ཐབས་ཇུས་རེ”དང“ཆུ་མཛོད་རེ་ལ་ཡིག་ཚགས་རེ”བཟོས་ནས་ཞིབ་ཕྲའི་དོ་དམ་བྱས་ཏེ། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་མཚོའི་སྦགས་བཙོག་གི་སྤྱི་འབོར་ཚོད་འཛིན་བྱ་རྒྱུ་དེ་ཆུའི་ཁོར་ཡུག་སྲུང་སྐྱོང་གི་ཆོག་འཐུས་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། མཚེའུ་ཆུ་དང་མཛོད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚང་མ་ཚད་གཞི་རིགས་གསུམ་པར་སླེབས་པའམ་དེ་ལས་ལྷག་པ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
           ལས་དོན་གྱི་བཀོད་སྒྲིག་ལྟར་ན། 2020ལོའི་རྗེས་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་འཐུས་སྒོ་ཚང་བའི་མཚོ་དང་ཆུ་མཛོད་ཀྱི་ཕུགས་ཕན་དོ་དམ་ལམ་སྲོལ་རིམ་བཞིན་བཙུགས་ཏེ་ཆུའི་སྤུས་ཚད་ཡུན་རིང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དང་། མཚོའི་སྣོད་བཅུད་མ་ལག་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མཐར་མཚོ་དང་ཆུ་མཛོད་ཀྱི་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཀྱི་དམིགས་ཡུལ་འགྲུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།