འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་བཞི་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྤྱིའི་འབྲུག་གྲུའི་
    གདན་ཞུའི་འགྲན་བསྡུར་ནན་ཉིང་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་བཅུ་བཞི་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(ནན་ཉིང)གྱི་རྒྱལ་སྤྱིའི་འབྲུག་གྲུའི་གདན་ཞུའི་འགྲན་བསྡུར་དང་། 2018ལོའི་ཀོང་ཤིས་འབྲུག་གྲུའི་འགྲན་བསྡུར་རབ་དང་རིམ་པ(ནན་ཉིང་ས་ཚིགས)ནན་ཉིང་གཡུང་ཅང་ཁུང་མེའོ་དུམ་བུའི་ཉེ་འགྲམ་གྱི་ཆུ་ཁོངས་སུ་གཉེར་ཞིང་། ཧིན་རྡུ་ཉི་ཞི་ཡ་དང་། ཐེ་ལན། མ་ལེ་ཞི་ཡ། སིང་ཀ་ཕོར། ལོ་སི་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོའི་ཤང་ཀང་དང་། ཀོང་ཏུང་། ཀོང་ཤིས་བཅས་ཀྱི་འབྲུག་གྲུའི་རུ་ཁག་56འགྲན་བསྡུར་ནང་ཞུགས་པ་རེད།
          འགྲན་བསྡུར་དེ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ཀོང་ཤིས་བརྙན་འཕྲིན་ལས་ཁུངས། ནན་ཉིང་གྲོང་ཁྱེར་ལུས་རྩལ་ཅུས། ནན་ཉིང་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ཚོགས་པ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ནན་ཉིང་གྲོང་ཁྱེར་ལུས་རྩལ་དོ་དམ་གསོ་སྦྱོང་ལྟེ་གནས་དང་། ཀོང་ཤིས་འབྲུག་གྲུ་མཐུན་ཚོགས། ནན་ཉིང་གྲོང་ཁྱེར་འབྲུག་གྲུ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ་ཞིག་རེད།
           འགྲན་བསྡུར་དུས་ཡུན་ཉིན་1ཡིན་པ་དང་རྒྱལ་སྤྱིའི་ཡོངས་བསྒྲགས་ཚོགས་ཆུང་དང་ལུས་ཁྲེང་ཚོགས་ཆུང་གཉིས་བཀོད་སྒྲིག་བྱས་པ་དང་མི་12ཀྱི་འབྲུག་གྲུ་ཆུང་བ་དང་མི་22ཀྱི་འབྲུག་གྲུ་ཆེ་བའི་སྨི་300དང་སྨི་600ཡི་ཐད་རྒྱུག་མྱུར་ཚད་འགྲན་བསྡུར་བྱས་པ་རེད། རུ་ཁག་56གི་ཁྲོད་རྒྱལ་སྤྱིའི་ཚོགས་ཆུང་གི་འབྲུག་གྲུ་ཆེ་བའི་རུ་ཁག་11དང་འབྲུག་གྲུ་ཆུང་བའི་རུ་ཁག་18ཡོད་པ་དང་། ལུས་ཁྲེང་ཚོགས་ཆུང་གི་འབྲུག་གྲུ་ཆེ་བའི་རུ་ཁག་11དང་་འབྲུག་གྲུ་ཆུང་བའི་རུ་ཁག་16ཡོད། མཐར་རྒྱལ་སྤྱིའི་ཡོངས་བསྒྲགས་ཚོགས་ཆུང་གི་འགྲན་བསྡུར་རྣམ་གྲངས་ཁག་གི་ཨང་དང་པོ་ཐོབ་པའི་རུ་ཁག་ནི། ཀོང་ཏུང་ཧྲུའེ་ཐེང་འབྲུག་གྲུ་མཉམ་སྤྲོའི་རུ་ཁག(མི་22ཀྱི་སྨི་300དང་། མི་22ཀྱི་སྨི་600)དང་། ལོ་སི་རུ་ཁག(མི་12ཀྱི་སྨི་300) ཀོང་ཏུང་དབྱང་ཅང་ཐའེ་དབན་ཁེ་ལས་ཀྱི་འབྲུག་གྲུའི་རུ་ཁག(མི་12ཀྱི་སྨི་600)བཅས་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།