འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་གྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཀྱི་བདེ་འཇགས་ཀྱི་མངོན་མེད་
    རྐྱེན་ངན་གཅིག་སྡུད་ངང་བཅོས་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཧོ་ནན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་གནས་ཚུལ་ཡོངས་བསྒྲགས་བྱས་པ་ལྟར་ན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་ནུས་ལྡན་ངང་སྔོན་འགོག་དང་ཉུང་དུ་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་གནས་ཚུལ་མི་ཐོན་པ་བྱ་ཆེད། ཟླ་དྲུག་པ་ནས་བརྒྱད་པ་བར་ཧོ་ནན་གྱིས་གཅིག་སྡུད་ཐོག་དུས་ཡུན་ཟླ་བ་གསུམ་གྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་དང་འགྲུལ་སྐྱེལ་རླངས་འཁོར་གྱིས་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་དུས་བཀག་ནང་ཞིབ་བཤེར་བྱས་མེད་པ་དང་། དུས་བཀག་ནང་མེད་པ་བཟོས་མེད་པ། ཁྲིམས་འགལ་ངང་ཤེལ་སྒོའི་འོད་ལྡོག་འཕྲོའི་འགྱིག་སྲབ་མོ་སྦྱར་བ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གཅིག་སྡུད་ཐོག་གཙང་སེལ་བྱ་རྒྱུ་དང་། མི་ཚད་ལས་བརྒལ་ནས་བླུགས་པ་དང་། ཁྲིམས་འགལ་ངང་རླངས་འཁོར་སྒྲིག་སྦྱོར་བྱས་པ་སོགས་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྷག་དོན་དུ་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཀྱི་ཉི་འགོག་འགྱིག་སྲབ་གསལ་པོར་མི་མཐོང་བ་དང་འཁོར་རིགས་ནང་བཤུག་བཏང་ཡང་ཐོ་འགོད་ལག་དེབ་ད་དུང་བཟོས་མེད་པ་སོགས་སེལ་དཀའི་གནད་དོན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ། ཆ་འཕྲིན་ལས་དྲན་སྐུལ་བྱེད་པ་དང་། གྱོད་གཞིར་གཞིགས་ནས་དམར་རྗེན་དུ་འདོན་པ། ཐེར་འདོན་བྱས་ན་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།