འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས “ཀྲུང་གོའི་འཁྲབ་ར”བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་ཧྥི་ལི་ཕིན་གྱི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་། ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར“ཀྲུང་གོའི་འཁྲབ་ར”ཞེས་པའི་ལེ་ཚན་གྱི་འགོ་ཚུགས་མཛད་སྒོ་འཚོགས་ནས་ཧྥི་ལི་ཕིན་གྱི་སྐད་ལ་བསྒྱུར་པའི་ཀྲུང་གོའི་གློག་བརྙན་བརྩམས་ཆོས་བཞི་ཉེ་དུས་ཧྥི་ལི་ཕིན་གྱི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དུ་བསྟན་རྒྱུ་ཡིན་པ་རེད།
         ཧྥི་ལི་ཕིན་གསར་འགྱུར་པུའི་པུའུ་ཀྲང་མ་ཏིང·ཨན་ཏ་ནར་གྱིས་གློག་བརྙན་སྟོན་པའི་མཛད་སྒོའི་ཐོག་རྒྱལ་ཁབ་དབར་གྱི་བསམ་བློ་དང་། ཤེས་བྱ། ལག་རྩལ་བཅས་ཀྱི་སྤེལ་རེས་ཧ་ཅང་གལ་ཆེན་པོ་རེད། “ཀྲུང་གོའི་འཁྲབ་ར”ཞེས་པ་སྟོན་པ་དེས་ཧྥི་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྤེལ་རེས་ཐད་སྔར་བས་ཤུགས་སྣོན་ཐེབས་ཡོད། ཀྲུང་གོའི་གློག་བརྙན་《པེ་ཅིང་གི་བརྩེ་དུང་གཏམ་རྒྱུད་》དང་གནས་ཚུལ་དངོས་མཚོན་གློག་བརྙན་《མར་ཁེ་བྷོ་ལོ—ལོ་རྒྱུས་ནས་དེང་རབས་སུ་བསྐྱོད་པ་》ཞེས་པ་ལེ་ཚན་དེ་བརྒྱུད་ཧྥི་ལི་ཕིན་གྱི་ལྟད་མོ་བར་བསྟན་རྒྱུ་ཡིན་ཞེས་བཤད།
         ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཅན་ཧྭ་ཡིས་ཀྲུང་ཧྥིའི་འབྲེལ་བ་ལེགས་སུ་ཕྱིན་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས་ཕྱོགས་གསུམ་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། “ཀྲུང་གོའི་འཁྲབ་ར”ཞེས་པའི་ལེ་ཚན་སྟོན་པ་ནི་ཀྲུང་ཧྥི་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་སྒུལ་ཤུགས་གསར་པར་འགྱུར་རྒྱུ་རེད། ཧྥི་ལི་ཕིན་གྱི་ལྟད་མོ་བས་བརྙན་འཕྲིན་འཁྲབ་ཚན་དང་གློག་བརྙན་དེ་དག་བརྒྱུད་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40རིང་གི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་པའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།