འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་ལ་ཀྲུང་གོའི་ཀྲང་ཅ་ཅེའི་ཤེལ་ཟམ་ལ་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཀྲུང་གོའི་ཧུའུ་ནན་ཀྲང་ཅ་ཅེ་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་དུ་གནས་པའི་ཤེལ་ཟམ་ལ་ཚེས་12ཉིན་འཚོགས་པའི་རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་ལ་ཨ་སེ་·ཧའེ་ཏིང་བྱ་དགའ་ཐོབ་ཡོད་པ་རེད།
         རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་ལ་2003ལོ་ནས་བཟུང་ལོ་ལྟར་ཨ་སེ་·ཧའེ་ཏིང་བྱ་དགའ་སྤྲོད་འགོ་ཚུགས་ཏེ་གསར་གཏོད་ཀྱི་གཞི་རྒྱུ་ལྡན་པའི་དམིགས་བསལ་ཟམ་པར་གཟེངས་བསྟོད་བྱེད་ཀྱི་ཡོད། དཔེར་ན། མི་སྐྱོད་གོམ་འགྲོས་ལམ་དང་། འགྲུལ་པ་མྱུར་སྐྱེལ་མ་ལག་གམ་ཡང་ན་སྲོལ་རྒྱུན་མིན་པའི་སྐྲུན་དངོས་སོགས་རེད། ཚོགས་ཆེན་གྱི་དཔྱད་འདེམས་པ་ཧའེ་ལུན་ན·ལ་སེར་གྱིས་ཚོགས་ཆེན་ཐོག་སྤྱིར་ན་འབྱོར་ཟིན་པའི་རེ་ཞུ་ཚང་མའི་ཁྲོད་ནས་ཟམ་པ་10ནས་20བར་བདམས་ཏེ་རྟོག་ཞིབ་བྱེད་པ་དང་འབྲེལ། མཐར་རྣམ་གྲངས་ཡག་ཤོས་འདེམས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།