འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གསོའི"འགན་ལེན་གསུམ"གྱི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་བ།

    ད་ལྟ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ལོ་གོང་མ་ལས་སློབ་མ་རེར་ཆ་སྙོམས་སྒོར་240མང་དུ་གཏོང་རྒྱུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད། རྒྱུན་མཐུད་ནས་སློབ་གསོའི“འགན་ལེན་གསུམ”སྲིད་ཇུས་ཀྱི་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད། ཉིན་ཤས་གོང་བོད་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་ནས། ད་ལྟ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ལོ་གོང་མ་ལས་སློབ་མ་རེར་ཆ་སྙོམས་སྒོར་240མང་དུ་གཏོང་རྒྱུ་དང་འདི་ལོའི་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པ་ནས་ལག་ལེན་བསྟར་བྱ་རྒྱུ་ཡིན་པ་རེད།
          ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་ལེགས་སྒྲིག་བྱས་རྗེས་ཀྱི་ཚད་གཞི་ནི། སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ལ། རིགས་གཉིས་པའི་ཁུལ་དུ་སྒོར་3120དང་། རིགས་གསུམ་པའི་ཁུལ་དུ་སྒོར་3220 རིགས་བཞི་པའི་ཁུལ་ལམ་མཐའ་མཚམས་རྫོང་དུ་སྒོར་3320བཅས་ཡོད་པ་དང་། འོས་འགན་སློབ་གསོའི་དུས་རིམ་ལ། རིགས་གཉིས་པའི་ཁུལ་དུ་སྒོར་3620དང་། རིགས་གསུམ་པའི་ཁུལ་དུ་སྒོར་3720 རིགས་བཞི་པའི་ཁུལ་ལམ་མཐའ་མཚམས་རྫོང་དུ་སྒོར་3820བཅས་ཡོད། མཐོ་རིམ་སློབ་འབྲིང་སློབ་གསོའི་དུས་མཚམས་ལ། རིགས་གཉིས་པའི་ཁུལ་དུ་སྒོར་4120དང་། རིགས་གསུམ་པའི་ཁུལ་དུ་སྒོར་4220 རིགས་བཞི་པའི་ཁུལ་ལམ་མཐའ་མཚམས་རྫོང་དུ་སྒོར་4320བཅས་ཡོད། འགྲོ་གྲོན་གྲུབ་ཚུལ་གྱི་བསྡུར་ཚད་ནི་ཟས་རིན་གྱི་80%ནས་87%ཟིན་པ་དང་། གྱོན་ཆས་རིན་པ་དང་དེ་བཞིན་སྒྲིག་ཆས་འགྲོ་གྲོན་གྱི་10%ནས་15%ཟིན་པ། སྦྱོང་ཚན་འབྲི་དེབ་དང་སློབ་སྦྱོང་ཡོ་བྱད་འགྲོ་གྲོན་གྱི་3%ནས་5%ཟིན་གྱི་ཡོད་པ་རེད།
          བོད་ལྗོངས་སུ་1985ལོ་ནས་བཟུང་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། རིན་མི་དགོས་པའི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་རྨང་གཞིའི་ཐོག་ཏུ་ཞིང་འབྲོག་པའི་བུ་ཕྲུག་ལ་ཟས་དང་། ཉལ་ཁང་། སློབ་སྦྱོང་གི་འགྲོ་གྲོན་འགན་ལེན་བྱེད་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཚད་གཞི་གཅིག་པའི་སློབ་སྐྱོར་དངུལ་ལམ་ལུགས་དང་ནོར་སྲིད་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།