འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡཱོན་མིན་ཡོན་སྐྱེད་ཚལ་གྱི་རིག་དངོས་བཞི་ཚུར་ལོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡཱོན་མིན་ཡོན་སྐྱེད་ཚལ་གྱི་རིག་དངོས་བཞི་ཚུར་ལོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཡཱོན་མིན་ཡོན་ནས་ཐོར་སོང་བའི་རིག་དངོས་ཚུར་ལོག་པའི་མཛད་སྒོ་པེ་ཅིང་ཧའེ་ཏན་ཆུས་ཆིང་ཧུའུ་སྲང་ལམ་དོན་གཅོད་ཁང་དུ་སྤེལ་བ་རེད། ས་ཐོག་ཏུ་བུད་པའི་རིག་དངོས་བཞི་ཕྱིར་ཡཱོན་མོན་ཡོན་དུ་དྲངས་པ་རེད། རིག་དངོས་འདི་བཞི་ནི་ཆིང་ཧུའུ་བཟོ་གྲྭ་ཞིག་གི་ས་འོག་ནས་བུད་པ་དང་། གྲོང་མི་ཏུའུ་ཙེ་ལིང་གིས་རྙེད་རྗེས་སྲང་ལམ་དོན་གཅོད་ཁང་ལ་འབྲེལ་བ་བྱས་ནས་ཉར་ཚགས་བྱས་པ་རེད། ཡཱོན་མོན་ཡོན་དོ་དམ་ཁང་གིས་འདི་ཤེས་རྗེས་སུ། རིག་དངོས་དེ་ལ་ཡུལ་དངོས་ནས་གསལ་འབྱེད་བྱས་པ་དང་། སྐྱེད་ཚལ་གྱི་རིག་དངོས་ཆ་འཕྲིན་དང་བཤིར་བསྡུ་བྱས་པ་ལས། རིག་དངོས་འདི་བཞི་བོ་ནི་ཡཱོན་མོན་ཡོན་སྐྱེད་ཚལ་ནས་ཐོར་སོང་བའི་དངོས་པོ་ཡིན་པ་གཏན་འཁེལ་བྱས་པ་རེད། 
    ༄༅།།ཡཱོན་མིན་ཡོན་སྐྱེད་ཚལ་གྱི་རིག་དངོས་བཞི་ཚུར་ལོག་པ།
      

    ཕྱོགས་བསྡུས་གསར་འགྱུར།